མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་བཅུ་བ་སྤེལ་བ།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-27 10:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཆེད་དོན་འཆད་ཁྲིད་ཐེངས་བཅུ་བ་སྤེལ་བ་དང་། ཁ་ཡིག་ནི་ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་ནས་རླབས་ཆེན་ཀྲུང་གོའི་ཕུགས་འདུན་ལ་ལྟ་ཞེས་པ་དེ་རེད། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་འཆད་ཁྲིད་ལ་མགོ་འཛིན་མཛད།

འཆད་ཁྲིད་སྤེལ་མཁན་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་ཡོན་ཀྲང་ལིས་ཅེ་ཡིས་ཀྲུང་གོའི་ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཕྱོགས་ནས། ཀྲུང་གོའི་ཕུགས་འདུན་དང་ཀྲུང་གོའི་ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་བར་གྱི་འབྲེལ་བ་དང་། ཀྲུང་གོའི་ཕུགས་འདུན་དང་ཀྲུང་གོ་གསར་བའི་ལོ་རྒྱུས་བར་གྱི་འབྲེལ་བ། ཀྲུང་གོའི་ཕུགས་འདུན་ཇི་ལྟར་མུ་མཐུད་དུ་མངོན་འགྱུར་བྱེད་དགོས་པ་བཅས་ཀྱི་གནད་དོན་རྒྱས་བཤད་བྱས།

ལིས་ཅེ་ཡིས་བལྟས་ན། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ན། བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དང་། བཅོས་བསྒྱུར་གྱི་སྤྱིའི་དམིགས་འབེན་དམ་པོར་བཟུང་སྟེ། ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་བ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མུ་མཐུད་དུ་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་དགོས། ཚོང་རའི་དཔལ་འབྱོར་མུ་མཐུད་དུ་བཟང་བོར་སྤེལ་དགོས་ན། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བའི་དོན་དག་ཆེན་པོ་བཟང་བོར་བསྒྲུབ་དགོས། དམངས་གཙོའི་ཆབ་སྲིད་བྱ་བ་བཟང་བོར་སྒྲུབ་དགོས་ན། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བའི་དོན་དག་ཆེན་པོ་བཟང་བོར་བསྒྲུབ་དགོས། རྒྱལ་ཁབ་བཅོས་སྐྱོང་བཟང་བོ་བྱེད་དགོས་ན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བའི་དོན་དག་ཆེན་པོ་བཟང་བོར་བསྒྲུབ་དགོས་པར་སྙམ།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག