མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཚོང་རྟགས་བཅའ་ཁྲིམས་གསར་པ་སྤྱི་ཟླ་ལྔ་པའི་ཚེས་གཅིག་ཉིན་ནས་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། མཚམས་གཅོད།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།  2014-04-26 11:26

    རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུད་ཀྱིས་སྤྱི་ཚེས་25ཉིན་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། སྤྱི་ཟླ་ལྔ་པའི་ཚེས་གཅིག་ཉིན་ཚོངས་རྟགས་བཅའ་ཁྲིམས་གསར་པ་དངོས་སུ་ལག་བསྟར་བྱེད་རྒྱུའི་ནང་དོན་ཐད་གསར་འགོད་པས་བཏོན་པའི་འདྲི་བར་ལན་བསྐྱོན་ཡོད། རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུད་ཀྱི་འགོ་འཛིན་གཞོན་པ་ལེའུ་ཅུན་ཁྲེན་གྱིས་དེ་སྔ་བཅའ་ཁྲིམས་ལ་བཟོ་བཅོས་ཐེངས་གཉིས་བརྒྱབ་པ་དང་བསྡུར་ཚེ། ད་རེས་གསར་དུ་ཡོངས་བསྒྲགས་བྱས་པའི་ཚོང་རྟགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱབ་པ་ཡིས་གཤམ་གསལ་གྱི་ནང་དོན་ལ་དོ་སྣང་སྔར་ལས་ལྷག་པ་བྱས་ཡོད་དེ། གཅིག་ནི་ནན་ཏན་གྱི་ཚོང་རྟགས་ཞིབ་བཤེར་བྱེད་པའི་དུས་བཀག་ཐེངས་དང་པོར་ཁ་གསལ་བཟོས་པ་དང་། ཚོང་རྟགས་བཅའ་ཁྲིམས་གསར་པས་ཚོང་རྟགས་ལ་ཐོག་མའི་ཞིབ་བཤེར་བྱེད་པའི་ཚད་བཀག་དེ་ཟླ་བ་དགུ་བར་གཏན་འཁེལ་བྱེད་རྒྱུ་དང་། སྤྱི་ཚོགས་ཀྱི་སྤྱི་དམངས་ནས་ཚོང་རྟགས་ཀྱི་ལས་སྒོ་ཁག་གཉེར་བའི་དུས་བཀག་ལ་སྔོན་དཔག་ཁ་གསལ་ཞིག་ཡོད་པ་དང་། གཉིས་ནི། གྲགས་ཅན་ཚོང་རྟགས་ཐད་ལེའུ་ཅུན་ཁྲེང་གིས་ཚོང་རྟགས་བཅའ་ཁྲིམས་གསར་པས་ གྲགས་ཅན་ཚོང་རྟགས་ཀྱི་སྲུང་སྐྱོབ་ལམ་ལུགས་གསལ་པོ་བཟོས་པ་དང་ཆབས་ཅིག ཐོན་སྐྱེད་བྱེད་མཁན་དང་ཁེ་གཉེར་བྱེད་མཁན་གྱིས་གྲགས་ཅན་ཚོང་རྟགས་ཞེས་པའི་ཡི་གེ་ཚོང་ཟོག་གི་ཐུམ་སྒྲིལ་དང་སྣོད་ཆས་ཐོག་བེད་སྤྱོད་བྱེད་རྒྱུ་བཀག་སྡོམ་བྱས་ཡོད་པས། དེ་ནི་ཚོང་ཟོག་ཚོང་རྟགས་ཀྱི་ཐོ་འགོད་ཚད་ལྡན་བཟོ་བ་དང་བེད་སྤྱོད་བྱེད་པའི་ཁྲོད་ཀྱི་ལུགས་དང་མི་མཐུན་པའི་འགྲན་རྩོད་བྱ་སྤྱོད་ཚད་ལྡན་བཟོས་ཡོད། ཚོང་རྟགས་བཅའ་ཁྲིམས་གསར་པའི་ནང་ད་དུང་གཞུང་དྲང་ཡིད་རྟོན་གྱི་རྩ་དོན་ཁ་གསབ་བྱས་ཡོད་པ་དང་། ཚོང་རྟགས་ཧབ་ཐོབ་བྱས་ཏེ་ཐོ་འགོད་བྱེད་པའི་བྱ་སྤྱོད་དང་། ད་དུང་མི་གཞན་གྱི་ཚོང་རྟགས་ཁེ་ལས་ཀྱི་ཨང་རྟགས་བེད་སྤྱོད་བྱས་པའི་ལུགས་དང་མི་མཐུན་པའི་འགྲན་རྩོད་བྱ་སྤྱོད་བཀག་སྡོམ་བྱེད་རྒྱུ་ཁ་གསལ་བཟོས་ཡོད་ཅེས་ངོ་སྤྲོད་གནང་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག