མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ད་ལོའི་སྡོད་ཁང་འགན་སྲུང་ལས་གཞིའི་དུས་ཚོད་རེའུ་མིག་མང་པོ་ཞིག་ཡོངས་བསྒྲགས་བྱས་པ།

རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།  ཡོང་ཁུངས། དཔལ་འབྱོར་ཉིན་རེའི་ཚགས་པར།  2014-04-26 11:26

    སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས་ཉིན་ཤས་གོང་སྤྱི་ལོ་2014ལོའི་སྡོད་ཁང་འགན་སྲུང་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་ཞེས་པ་སྤེལ་ནས། ས་གནས་ཁག་གིས་ལོ་འཁོར་མོའི་འཛུགས་སྐྲུན་ལས་འགན་ལེགས་གྲུབ་ཐུབ་པའི་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། ད་ལོ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་བརྡལ་གྱི་འགན་སྲུང་རང་བཞིན་གྱི་ལས་གཞིར་འཆར་གཞི་ལྟར་ན་ཁང་པ་ས་ཡ་བདུན་ལྷག་གསར་དུ་ལས་འགོ་འཛུགས་རྒྱུ་དང་། དེའི་ནང་ནས་རིགས་ཁག་གི་ཁང་པ་ཐེབས་ཆག་ཁུལ་ས་ཡ་བཞི་དང་བདུན་འབུམ་ལྷག་བསྒྱུར་བཀོད་བྱ་རྒྱུ། འཆར་གཞི་བྱས་ན་གཞི་རྩའི་ཆ་ནས་ཁང་པ་ས་ཡ་བཞི་དང་བརྒྱད་འབུམ་བསྐྲུན་ཚར་བ་བྱ་རྒྱུ་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག