མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲུང་པུའི་གསར་འགྱུར་མགྲིན་པས་ཀྲུང་གོའི་དམག་དཔུང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བསྟན་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།  2014-04-26 11:26

    སྤྱི་ཚེས་༢༤ཉིན་རྒྱལ་སྲུང་པུས་འཆར་ཅན་གྱི་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུའི་ཐོག རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཡང་ཡུད་ཅུན་གྱིས་འབྲེལ་ཡོད་ཚང་མང་དོ་འཁུར་བྱེད་པའི་གནད་དོན་ཐད་གསར་འགོད་པས་བཏོན་པའི་དྲི་བར་ལན་སྐྱོན་ཡོད་པ་རེད།

    གསར་འགོད་པས་ལྗར་པན་འགོག་སྲུང་པུས་འདི་ཟླའི་སྤྱི་ཚེས་༡༩ཉིན་ལྗར་པན་གྱི་ཆེས་ནུབ་ངོས་སུ་ཡོད་པའི་ཡུད་ན་གོ་ཏའོ་གླིང་ཕྲན་དུ་ལྟ་ཞིབ་དཔུང་སྡེའི་སྒྲིག་བཀོད་འཛུགས་སྐྲུན་ལས་འགོ་ཚུགས་པའི་མཛད་སྒོ་གཉེར་ཡོད་པ་དང་། ས་གནས་དེ་གར་ལེ་ཏ་འཛུགས་རྒྱུ་ཡིན་པས། དེའི་ཐད་དཔྱད་གཏམ་གང་འདྲ་ཞིག་ཡོད་དམ། ཨོ་པ་མས་ལྗར་པན་ལ་འཚམས་འདྲི་མ་བྱས་གོང་ཏེའོ་ཡུད་ཏའོ་གླིང་ཕྲན་ཐད་ཨ་རི་དང་ལྗར་པན་གྱི་བདེ་སྲུང་ཆིངས་ཡིག་བེད་སྤྱོད་གཏོང་ཆོག་པ་གསལ་བསྟན་བྱས་ཡོད་པས། ཨོ་པ་མའི་རྣམ་འགྱུར་དེས་ས་ཁོངས་བདེ་འཇགས་ཐད་ཤུགས་རྐྱེན་གང་འདྲ་ཡོང་སྲིད་ཞེས་དྲིས་པར།

    ཡང་ཡུད་ཅུན་གྱིས་ང་ཚོས་ལྗར་པན་གྱི་འབྲེལ་ཡོད་དམག་དོན་འཕེལ་ཕྱོགས་ལ་དོ་འཁུར་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཀྲུང་གོའི་དམག་དཔུང་གིས་མུ་མཐུད་ནས་འབྲེལ་ཡོད་ས་ཁོངས་སུ་དམག་འཐབ་གྲ་སྒྲིག་སྐོར་ཞིབ་དང་དམག་དོན་ནང་སྦྱོང་སོགས་བྱེད་སྒོ་སྤེལ་རྒྱུ་ཡིན། ཨོ་པ་མས་བསྟན་པའི་རྣམ་འགྱུར་ཐད། ང་ཚོས་གཅིག་ནས་ཏའེ་ཡུད་ཏའོ་གླིང་ཕྲན་ནི་ཀྲུང་གོའི་མངའ་ཁོངས་ས་ཆ་ཡིན་པ་དང་། ཀྲུང་གོའི་དམག་དཔུང་ལ་ཏའོ་ཡུད་ཏའོ་གླིང་ཕྲན་སྲུང་སྐྱོབ་བྱེད་པའི་ནུས་པ་ཡོད་པས། རྒྱལ་ཁབ་གཞན་སུ་ཞིག་གིས་ཀྱང་བདེ་འཇགས་འགན་སྲུང་ཟེར་བ་འཁོ་འདོན་བྱེད་དགོས་ཀྱི་མེད། གཉིས་ནས་ལྗར་པན་གྱི་མི་ཁག་ཅིག་གིས་གནད་དོན་དེ་ཤུགས་ཆེར་གཏོང་གི་ཡོད། དོན་དངོས་ཐོག་དེ་ནི་བྱ་བ་ཆུང་ཆུང་ཞིག་ཆེ་རུ་བཏང་བ་ཙམ་ཡིན་ཞེས་ནན་བཤད་གནང་ཡོད་པ་རེད།

    གསར་འགོད་པས་ཀྲུང་གོ་དང་ལྗར་པན་རྒྱལ་ཁབ་གཉིས་པོའི་མཚོ་དམག་གི་འགན་འཁུར་བས་ཆིང་ཏའོ་རུ་སྦ་གསང་མེད་པར་ཀྲུང་གོ་དང་ལྗར་པན་རྒྱལ་ཁབ་གཉིས་པོའི་བར་འགན་ཟླ་ཆེ་རུ་འགྲོ་བཟོ་ཡོད་ཅེས་བསྟན་ཡོད། རྣམ་འགྱུར་དེས་ཀྲུང་གོ་དང་ལྗར་པན་ཕྱོགས་གཉིས་པོའི་བར་དམག་རྒྱག་རྒྱུའི་དམག་དོན་གྲ་སྒྲིག་བྱས་ཟིན་པ་མཚོན་གྱི་ཡོད་དམ་ཞེས་དྲིས་པར།

    ཡང་ཡུད་ཅུན་གྱིས་ཆིང་ཏའོ་རུ་སྐོར་ཚོགས་བྱས་པའི་ནུབ་རྒྱ་མཚོ་ཆེན་མོའི་མཚོ་དམག་གླེང་སྟེགས་ཀྱི་ལོ་ཚོགས་ཐེངས་༡༤པའི་ཐོག་དམག་དོན་གྲ་སྒྲིག་བྱས་ཟིན་ཀྱང་དམག་དོན་དོན་རྐྱེན་མི་ཐོན་པ་བྱེད་དགོས་ཞེས་བཏོན་ཡོད། དེ་ནི་གསོན་ཉམས་ལྡན་པའི་ཤོད་སྟངས་ཤིག་ཡིན་ཞེས་བསྟན་ཡོད་པ་དང་། ཀྲུང་གོའི་དམག་དཔུང་གིས་གཞན་གྱིས་རང་ལ་མི་གནོད་ན། རང་གིས་གཞན་ལ་གནོད་མི་སྲིད། གཞན་གྱིས་རང་ལ་གནོད་གྱུར་ན། རང་གིས་གཞན་ལ་གནོད་ངེས་ཡིན་ཞེས་པ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག