མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་བྱིས་པར་རིམས་འགོག་སྨན་ཁབ་རྒྱག་པའི་དྲིལ་བསྒྲགས་ཉིན་མོ་ཐེངས་ཉི་ཤུ་རྩ་བརྒྱད་པ།

རྩོམ་པ་པོ། མཚམས་གཅོད།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།  2014-04-26 11:25

སྤྱི་ཚེས་25ཉིན་ནི་རང་རྒྱལ་གྱི་རྒྱལ་ཡོངས་བྱིས་པར་རིམ་འགོག་སྨན་ཁབ་རྒྱག་པའི་དྲིལ་བསྒྲགས་ཉིན་མོ་ཐེངས་ཉི་ཤུ་རྩ་བརྒྱད་པ་དེ་རེད།

    ལོ་ངོ་30ཙམ་གི་རིང་། རང་རྒྱལ་གྱི་འགོ་ནད་ཐར་བའི་སྨན་ཁབ་རྒྱག་པའི་ལས་དོན་ལ་ཀུན་ནས་དོ་ཁུར་བྱེད་པའི་གྲུབ་འབྲས་ཐོབ་ཡོད། དུས་རབས་ཕྱེད་ཀ་ལྷག་གི་རིང་། ཀྲུང་གོའི་རིམས་འགོག་སྨན་ཁབ་ཀྱིས་རྒྱལ་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། དེ་སྔ་ཐོན་མྱོང་བའི་ནད་ཡམས་དཔེར་ན་ལྷ་འབྲུམ་དང་མགྲིན་ནད་ལ་སོགས་ད་ཆ་མཐོང་དཀོན་པའི་ནད་གཞིར་འགྱུར་ཡོད་པ་རེད། བསྡོམས་རྩིས་ལ་གཞིགས་ན། རང་རྒྱལ་དུ་ལོ་རེར་ཕྲུ་གུ་སྐྱེས་པའི་གྲངས་འབོར་བྱེ་བ་གཅིག་དང་ས་ཡ་དྲུག་ཡིན་པ་དང་། རྒྱལ་ཁབ་རིམས་འགོག་འཆར་འགོད་ཀྱི་སྨན་ཁབ་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་ཟིན་ཡོད་པ་རེད། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ན་ནིང་བརྟག་དཔྱད་བྱས་པ་ལས་མངོན་པར། ས་གནས་ཁག་གི་སྙན་ཞུ་བྱས་པའི་རྒྱལ་ཁབ་ཀྱི་རིམས་འགོག་འཆར་གོད་ཀྱི་རིམས་འགོག་སྨན་ཁབ་རྒྱག་ཚད་གཞི་རྩའི་ཆ་ནས་བརྒྱ་ཆ་95ཡན་ཡིན། ཡིན་ནའང་ཤང་གྲོང་ཁ་ཤས་ལ་ད་དུང་རིམ་འགོག་སྨན་ཁབ་བརྒྱ་ཆ་དགུ་བཅུའི་རྒྱག་པའི་ཆུ་ཚད་ལ་སླེབས་མེད་པ་དང་། ཤང་གྲོང་ཁག་ཅིག་གིས་ཐ་ན་རིམས་འགོག་རིགས་ལྔ་ལས་བརྒལ་བའི་རིམས་འགོག་སྨན་ཁབ་རྒྱག་ཚད་བརྒྱ་ཆ་དགུ་བཅུ་ཡང་སླེབས་ཀྱི་མེད། རིམས་འགོག་སྨན་ཁབ་རྒྱག་ཚད་གང་འདྲ་བྱས་ནས་སྲ་བརྟན་དང་གང་འདྲ་བྱས་ནས་མཐོ་རུ་གཏོང་དགོས་རྒྱུ་ནི། ནད་ཡམས་ཚོད་འཛིན་མི་སྣ་ཡོངས་ཀྱིས་ད་ཆ་བསམ་གཞིགས་བྱེད་མང་ཤོས་ཀྱི་གནད་དོན་ཞིག་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག