མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཏེན་མག་གི་རྒྱལ་མོ་མཱ་ཀི་ལིས་ཐི་སྐུ་ཕྲེང་གཉིས་པར་མཇལ་འཕྲད་གནང་བ།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-26 10:59

张德江会见丹麦女王玛格丽特二世1.jpg

ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏེན་མག་གི་རྒྱལ་མོ་མཱ་ཀི་ལིས་ཐི་སྐུ་ཕྲེང་གཉིས་པར་མཇལ་འཕྲད་གནང་།

张德江会见丹麦女王玛格丽特二世2.jpg

ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏེན་མག་གི་རྒྱལ་མོ་མཱ་ཀི་ལིས་ཐི་སྐུ་ཕྲེང་གཉིས་པར་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ཉེར་ལྔ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏེན་མག་གི་རྒྱལ་མོ་མཱ་ཀི་ལིས་ཐི་སྐུ་ཕྲེང་གཉིས་པར་མཇལ་འཕྲད་གནང་།

    ཀྲང་ཏི་ཅང་གིས་གསུངས་རྒྱུར། རྒྱལ་མོ་ལགས་ཀྱིས་དུས་ཡུན་རིང་བོར་ཀྲུང་གོ་དང་ཏེན་མག་བར་གྱི་མཛའ་མཐུན་བརྗེ་རེས་དང་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གལ་ཆེན་བཞག ཐེངས་འདིར་རྒྱལ་མོ་ལགས་ཀྲུང་གོར་འཚམས་འདྲིར་ཡོང་སྟེ། ཀྲུའུ་ཞི་ཞི་ཅིན་ཕེན་དང་གནས་བབ་གསར་བའི་འོག་ཀྲུང་གོ་དང་ཏེན་མག་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་ཐུན་མོང་གི་ལྟ་བ་གལ་ཆེན་བཞག་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བར་ཤན་ཤུགས་ཆེན་པོ་ཐོབ་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཏེན་མག་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་རྒྱ་ཆེན་པོ་ཧུར་ཐག་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། ཀྲུང་གོ་དང་ཏེན་མག་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

    མཱ་ཀི་ལིས་ཐི་སྐུ་ཕྲེང་གཉིས་པས་ཀྲུང་གོ་ཕྱོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་བྱས་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཏེན་མག་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་བརྩེ་དུང་ཟབ་མོ་ལྡན་པས། ཕྱོགས་གཉིས་ཀྱིས་མཛའ་མཐུན་མཉམ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་དགོས་པར་རེ་བ་བྱེད་ཀྱིན་ཡོད་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག