མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཅང་དུ་བྱེ་རླུང་དང་གྲང་ངར་གངས་སྐྱོན་བཅས་ཀྱིས་མི་ལྔ་འབུམ་ལ་གནོད་འཚེ་ཕོག་པ།

རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-26 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ་4པའི་ཚེས་23ཉིན་ནས་ཚེས་25ཉིན་བར་གངས་ཆར་དང་། རླུང་ཆེན། བྱེ་རྡུལ། གྲང་ངར་ཆེ་བའི་གནམ་གཤིས་བཅས་ཀྱིས་ཤིན་ཅང་གི་ས་ཁུལ་དང་གྲོང་ཁྱེར་12དང་རྫོང་45། ཤིན་ཅང་འཛུགས་སྐྲུན་དམག་སྡེའི་ཧྲི་ཤོག་10། ཐོན་ཤོག་61བཅས་ཀྱི་མི་ལྔ་འབུམ་ཙམ་ལ་གནོད་འཚེ་ཕོག་ཡོད་པ་དང་། མི་གཉིས་རྐྱེན་ལམ་དུ་ཤོར་བ། མི་གསུམ་གར་སོང་ཆ་མེད་དུ་གྱུར་བ། མི་སུམ་ཁྲི་ལྷག་ལ་མྱུར་དུ་འཚོ་བའི་རོགས་སྐྱོབ་མཁོ་གི་ཡོད་པ་རེད། གཞན་ཡང་ཁང་པ་600ལྷག་ལོག་ཡོད་པ་དང་། ཁང་མིག་3000ལྷག་ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་པ། ལོ་ཏོག་ལ་གནོད་འཚེ་ཕོག་པའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་2190ལྷག་ཟིན་པ་དང་། དེའི་ནང་ནས་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་1580ཙམ་རྩ་བརླག་ཏུ་ཕྱིན་ཡོད་པ། ཐོག་མའི་བསྡོམས་རྩིས་བརྒྱབ་པར་གཞིགས་ན་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་11དང་བྱེ་བ་9ཕོག་ཡོད་པ་རེད།

གནོད་འཚེ་ཕོག་རྗེས། ཤིན་ཅང་རིམ་ཁག་སྲིད་གཞུང་དང་དམངས་སྲིད་སྡེ་ཁག་དུས་ཐོག་ཏུ་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་དེ་གནོད་སེལ་ལས་དོན་སྒྲིག་འཛུགས་བྱས་པ་དང་། ཁྱོན་ཡོངས་ནས་གནོད་ཚེའི་གྱོང་གུན་གནས་ཚུལ་དཔྱད་ཞིབ་བྱས་པ་མ་ཟད་དུས་ཐོག་ཏུ་གནོད་སེལ་མ་དངུལ་དང་དངོས་ཟོག་གཤམ་སྤྲོད་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག