མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས་ཕུགས་འདུན་མངོན་འགྱུར་གྱི་ཐེབས་རྩ་ཞེས་པ་བཙུགས་ནས་དབུལ་སྐྱོར་དང་དཀའ་སེལ་བྱ་རྒྱུ་རེད།

རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-26 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས་སྤྱི་ཚེས་25ཉིན་པེ་ཅིང་དུ་ཕུགས་འདུན་མངོན་འགྱུར་ཐེབས་རྩ་ཞེས་པ་བཙུགས་ནས། ཉེན་ཁ་སེལ་བ་དང་། དབུལ་སྐྱོར། སློབ་རོགས། རྒན་གསོ་སོགས་དགེ་སྒྲུབ་སྤྱི་ཕན་རྣམ་གྲངས་ཐད་བེད་སྤྱོད་གཏོང་རྒྱུ་དང་། སྤྱི་ཚོགས་འཆམ་མཐུན་དང་ཡར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། ཕུགས་འདུན་མངོན་འགྱུར་ཐེབས་རྩ་ཞེས་པ་དེ་ཧའེ་ནན་དབང་ལུང་མ་འཇོག་ཚད་ཡོད་ཀུང་སིས་མ་དངུལ་སྒོར་ས་ཡ་གཉིས་ཞལ་འདེབས་རྒྱབ་ནས་བཙུགས་པ་ཞིག་ཡིན་ཞིང་། ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཝང་ཧྲུའུ་ཧྥེང་གིས། ཕུགས་འདུན་མངོན་འགྱུར་ཐེབས་རྩ་ཞེས་པའི་རྣམ་གྲངས་ལག་བསྟར་བྱེད་པའི་ཁྱབ་ཁོངས་གཙོ་བོ་ནི་དབུལ་ཕོངས་དང་ཉམས་ཞན་མི་ཚོགས་ལ་རོགས་རམ་བྱས་ནས་དབུལ་གྲོལ་ཕུགས་འདུན་མངོན་འགྱུར་ཐུབ་པ་བྱ་རྒྱུ་དང་། དབུལ་ཕོངས་སློབ་མར་རོགས་རམ་བྱས་ནས་སློབ་གྲྭར་འགྲོ་བའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ། ཛ་དྲག་གནོད་སེལ་དང་གནོད་སྐྱོབ་བྱ་རྒྱུའི་ངན་ཞུགས་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཉེན་ཁ་དང་དཀའ་ངལ་སེལ་རྒྱུ་སོགས་ཡིན་ཞེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག