མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཨ་མེ་རི་ཁ་རྒྱལ་ཚོགས་དམངས་གྲོས་ཁང་གི་མང་ཤོས་ཏང་གི་གཙོ་འཛིན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-25 11:05

ཟླ4བའི་ཚེས24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁ་དམངས་གྲོས་ཁང་གི་མང་ཤོས་ཏང་གི་གཙོ་འཛིན་ཁན་ཐའོ་ཡིས་ཁྲིད་པའི་གྲོས་མིའི་འཐུས་ཚོགས་ཚོགས་པར་མཇལ་འཕྲད་གནང་།
ཟླ4བའི་ཚེས24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁ་དམངས་གྲོས་ཁང་གི་མང་ཤོས་ཏང་གི་གཙོ་འཛིན་ཁན་ཐའོ་ཡིས་ཁྲིད་པའི་གྲོས་མིའི་འཐུས་ཚོགས་ཚོགས་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས24ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁ་དམངས་གྲོས་ཁང་གི་མང་ཤོས་ཏང་གི་གཙོ་འཛིན་ཁན་ཐའོ་ཡིས་ཁྲིད་པའི་གྲོས་མིའི་འཐུས་ཚོགས་ཚོགས་པར་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་སོ་ལྔའི་རིང་གི་འཕེལ་རྒྱས་བརྒྱུད་རིམ་ལས་རྒྱལ་ཁབ་གཉིས་འཕེལ་རྒྱས་དང་དར་རྒྱས་གོང་འཕེལ་དུ་སོང་ན་ཕྱོགས་གཉིས་ལ་གོ་སྐབས་བཟང་བོ་བསྐྲུན་ཐུབ་པ་མཚོན། གནས་བབ་གསར་བའི་འོག ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་བྱས་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་མཉམ་འབྲེལ་གསལ་བསྒྲགས་གསུམ་གྱི་རྩ་དོན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་གྱི་རྨང་གཞིའི་སྟེང་། གྲོས་མོལ་དང་མཉམ་ལས་རྒྱ་བསྐྱེད་པ་དང་། འགལ་བ་ཐག་གཅོད་བཟང་བོ་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཁན་ཐའོ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་རྒྱལ་ཚོགས་དམངས་གྲོས་ཁང་དང་གྲོས་མི་ཡིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་དམ་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་བ་དང་མི་དམངས་མཛའ་མཐུན་མཉམ་གནས་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ད་རུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད། ལིས་ཁི་ཆང་གིས་ལྷོ་ཕྱོགས་རྒྱ་མཚོ་དང་ཏེའོ་ཡུས་གླིང་ཕྲན་གྱི་གནད་དོན་ཐད་ཀྱི་ལངས་ཕྱོགས་རྒྱས་བཤད་མཛད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག