མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་པེ་ཅིན་ནས་གྲོལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-25 11:05

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་ཚེས24ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ་བ་དང་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་ཚེས24ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ་བ་དང་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་ཚེས24ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ་བ་དང་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བརྒྱ་དང་དྲུག་ཅུ་ཚོགས་འདུར་ཞུགས་པ་དང་ཞུགས་པའི་མི་གྲངས་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་ནས་བཟོ་བཅོས་བྱས་རྗེས་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྩ་ཁྲིམས་ཀྱི་དོན་ཚན་སུམ་ཅུ་བ་དང་དོན་ཚན་བརྒྱ་དང་ང་བརྒྱད་པ། དོན་ཚན་བརྒྱ་དང་ང་དགུ་བ། དོན་ཚན་ཉིས་བརྒྱ་དང་རེ་དྲུག་པ། དོན་ཚན་སུམ་བརྒྱ་དང་ཞེ་གཅིག་པ། དོན་ཚན་སུམ་བརྒྱ་དང་བཅུ་གཉིས་པ་བཅས་ཀྱི་འགྲེལ་བཤད་འཆར་ཟིན་དང་ཉེས་དོན་ཞུ་གཏུག་བཅའ་ཁྲིམས་ཀྱི་དོན་ཚན་དོན་དགུའི་ཚན་པ་གསུམ་པ་དང་དོན་ཚན་ཉིས་བརྒྱ་དང་དོན་གཅིག་པའི་ཚན་པ་གཉིས་པ། དོན་ཚན་ཉིས་བརྒྱ་དང་ང་བཞི་བའི་ཚན་པ་ལྔ་བ། དོན་ཚན་ཉིས་བརྒྱ་དང་ང་བདུན་པའི་ཚན་པ་གཉིས་པ་བཅས་ཀྱི་འགྲེལ་བཤད་འཆར་ཟིན། དེ་མིན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་དང་མི་དོན་བསྐོ་འཐེན་སྐོར་གྱི་གྲོས་གཞི་སོགས་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་གྲོས་གཞི་དེ་དག་ལ་གྲོས་འཆམ་བྱུང་རྗེས་ཀྲང་ཏི་ཅང་གིས་གསུངས་བཤད་གནང་། ཁོང་གིས་གསུངས་རྒྱུར། ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ནི་ཁོར་ཡུག་ཁྱབ་ཁོངས་ཀྱི་རྨང་གཞིའི་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་བཅའ་ཁྲིམས་ཡིན་པས་སྤྱི་ཚོགས་ཡོངས་ཀྱིས་བཅའ་ཁྲིམས་དེར་བཟོ་བཅོས་བྱེད་པར་ཧ་ཅང་ཡིད་འཇོག་བྱེད་བཞིན་ཡོད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ནན་ཏན་སྒོས་ལག་བསྟར་བྱས་ཏེ། རང་རྒྱལ་གྱི་གནས་ཚུལ་དང་འཕེལ་རྒྱས་ཀྱི་དུས་སྐབས་གཞིར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། དེང་སྐབས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་སུ་གནས་པའི་གནད་དོན་ལ་དམིགས་ནས་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ལ་ཕྱོགས་ཡོངས་ནས་བཟོ་བཅོས་བྱས། བཟོ་བཅོས་བྱས་པ་དེ་ཁོར་ཡུག་སྲུང་སྐྱོབ་དང་ལེགས་བཅོས་བྱེད་པ་དང་བཙོག་བཟོ་འགོག་བཅོས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་བཅས་ལ་དོན་སྙིང་གལ་ཆེན་ཡོད། བཟོ་བཅོས་བྱས་རྗེས་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་དྲིལ་སྒྲོག་དང་ལག་བསྟར་བཟང་བོ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ཆེན་པོ་གཏོང་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག