མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཨ་མེ་རི་ཁ་རྒྱལ་ཚོགས་དམངས་གྲོས་ཁང་གི་མང་ཤོས་ཏང་གི་གཙོ་འཛིན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-25 11:04

ཟླ4བའི་ཚེས24ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁ་དམངས་གྲོས་ཁང་གི་མང་ཤོས་ཏང་གི་གཙོ་འཛིན་ཁན་ཐའོ་སོགས་ལ་མཇལ་འཕྲད་གནང་།
ཟླ4བའི་ཚེས24ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁ་དམངས་གྲོས་ཁང་གི་མང་ཤོས་ཏང་གི་གཙོ་འཛིན་ཁན་ཐའོ་སོགས་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས24ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁ་དམངས་གྲོས་ཁང་གི་མང་ཤོས་ཏང་གི་གཙོ་འཛིན་ཁན་ཐའོ་སོགས་ལ་མཇལ་འཕྲད་གནང་།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་ལ་། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་ལའང་ཤུགས་རྐྱེན་གལ་ཆེན་ལྡན་པས། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱིས་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་སྐྲུན་བྱེད་རྒྱུ་དེ་ནི་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་ཡིན་ལ། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཡང་དག་པའི་ཁ་ཕྱོགས་ཡིན་པས། ཕྱོགས་གཉིས་ཀྱིས་ཁ་ཕྱོགས་དེར་དམིགས་ནས་མཉམ་དུ་འབད་བརྩོན་བྱེད་དགོས་ཟེར།

ཁན་ཐའོ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཀྲུང་གོའི་བར་ཁྱབ་ཆེ་བའི་ཐུན་མོང་གི་ཁེ་ཕན་ཡོད་ལ། ཀྲུང་གོ་མྱུར་དུ་འཕེལ་རྒྱས་སུ་སོང་བ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་ཡོད་པས། ཨ་མེ་རི་ཁའི་དམངས་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཟེར།

ཀྲང་ཏི་ཅང་གིས་ད་རུང་ཨ་མེ་རི་ཁ་ཕྱོགས་ཀྱི་གྲོས་མི་གཞན་པས་དྲིས་པའི་གནད་དོན་ལ་ལན་བཏབ།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག