མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་གྱིས་ལེའོ་ཉིན་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-24 10:56

ཟླ4བའི་ཚེས21དང22ཉིན་གཉིས་ལ། ལིག་ཡུན་ཧྲན་སྔ་གཞུག་ཏུ་ཧྲིན་ཡང་དང་ཧྥུའུ་ཧྲོན། ལོ་ཡང་། པེན་ཞི་སོགས་ས་ཁུལ་གྱི་ཁེ་ལས་དང་ཞིང་སྡེ། གཞིས་ཁུལ་བཅས་ལ་ཕེབས་ཏེ་བྱ་བར་རྟོག་ཞིབ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ལོ་ཉིན་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་མཛད་སྐབས། སྔོན་ཐོན་དང་དཔེ་ལེགས་ཅན་མིག་དཔེར་འཛིན་རྒྱུ་རྒྱུ་འཁྱོངས་བྱས་ཏེ། དམིགས་འབེན་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ལག་ལེན་གྱི་ཕྱོགས་སྟོན་ཆགས་པར་བྱས་ནས། མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་དགོས་པར་མ་ཟད། སྤྱོད་ཚུལ་ལེགས་པོར་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྔར་ལས་གོང་འཕེལ་དུ་གཏོང་དགོས་ཞེས་ནན་གྱིས་གསུངས།

ཟླ4བའི་ཚེས21དང22ཉིན་གཉིས་ལ། ལིག་ཡུན་ཧྲན་སྔ་གཞུག་ཏུ་ཧྲིན་ཡང་དང་ཧྥུའུ་ཧྲོན། ལོ་ཡང་། པེན་ཞི་སོགས་ས་ཁུལ་གྱི་ཁེ་ལས་དང་ཞིང་སྡེ། གཞིས་ཁུལ་བཅས་ལ་ཕེབས་ཏེ་བྱ་བར་རྟོག་ཞིབ་མཛད། ཁོང་གིས་ལེའོ་ཉིན་ཞིང་ཆེན་གྱིས་སློབ་གསོ་དང་ལག་ལེན་བྱ་འགུལ་དང་གཞི་རིམ་ཏང་འཛུགས་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པར་མ་ཟད། ལེའོ་ཉིན་ཞིང་ཆེན་གྱིས་སྤྱོད་ཚུལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་ལེགས་བཅོས་བྱེད་པ་བཅས་ཀྱི་ཐད་ནས་གྲུབ་འབྲས་གསར་བ་ལེན་དགོས་ཟེར།

ལེའོ་ཉིན་ནི་རང་རྒྱལ་གྱི་བཟོ་ལས་རྟེན་གཞི་རྙིང་བ་གཙོ་བོ་ཞིག་ཡིན་པས། ལིག་ཡུན་ཧྲན་ཀྲུང་གོ་བཟོ་ལས་རྟེན་མཛོད་ཁང་དང་ཧྲིན་ཡང་གནམ་གྲུ་བཟོ་ལས་སྡེ་ཚོགས། ལེའོ་ཉིན་ཀྲུང་ཝང་སྡེ་ཚོགས་ཚད་ཡོད་ཀུང་ཟི་སོགས་ལ་ཕེབས་ནས་བྱ་བར་རྟོག་ཞིབ་མཛད། ཁོང་གིས་བཟོ་ལས་རྟེན་གཞི་རྙིང་བ་དར་རྒྱས་གོང་འཕེལ་དུ་སོང་བ་དང་ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་རྗེས་གསུངས་རྒྱུར། བཟོ་ལས་ནི་རྒྱལ་དམངས་དཔལ་འབྱོར་གྱི་རྨང་གཞི་ཡིན་པ་དང་ཁེ་ལས་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩ་ཡིན་པས། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་རྒྱུ་སྒུལ་ཤུགས་སུ་བསྒྱུར་ཏེ། སྒྲིག་སྲོལ་ནང་རྐྱེན་གསར་སྐྲུན་བྱེད་པ་དང་རྣམ་པ་བསྒྱུར་ཞིང་རིམ་པ་འཕར་བ་མངོན་འགྱུར་བྱས་ནས། ཁེ་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་དང་འགྲན་རྩོད་ནུས་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས། སློབ་གསོ་ལག་ལེན་བྱ་འགུལ་དེ་ཕན་ནུས་ལྡན་པའི་གོ་སྐབས་སུ་བརྩིས་ཏེ། ཏང་འཛུགས་བྱ་བ་དམ་འཛིན་དང་སྤྱོད་ཚུལ་ལེགས་སྒྱུར་བྱས་ནས། ཏང་རྩ་འཛུགས་ཀྱི་འཐབ་འཛིང་ནུས་པ་དང་ཏང་ཡོན་ལས་བྱེད་པའི་སྔོན་ཐོན་དཔེ་ལེགས་ཀྱི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས་པར་མ་ཟད། ཁེ་ལས་བཅོས་སྒྱུར་འཕེལ་རྒྱས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག