མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཀྲུང་གོ་དང་དབྱིན་ཇིའི་རིམ་པ་མཐོ་བའི་མི་གཞུང་བརྗེ་རེས་ལས་ཁུངས་ཀྱི་གྲོས་ཚོགས་ཐེངས་གཉིས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-24 10:56

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་དབྱིན་ཇིའི་རིམ་པ་མཐོ་བའི་མི་གཞུང་བརྗེ་རེས་ལས་ཁུངས་ཀྱི་གྲོས་ཚོགས་ཐེངས་གཉིས་པ་ཚེས23ཉིན་པེ་ཅིན་ནས་ཚོགས་མགོ་བརྩམས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མཱེ་ལུང་གཉིས་ཀྱིས་སོ་སོར་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།

ལིས་ཁི་ཆང་གིས་ཐེངས་འདིའི་གྲོས་ཚོགས་མགོ་བརྩམས་པར་རྟེན་འབྲེལ་ཞུས། ཁོང་གིས་གསུངས་རྒྱུར། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་སྔར་སྲོལ་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཏུ་གནས་ཡོད་པས། ཐེངས་འདིའི་གྲོས་ཚོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྱོན་ཡོངས་ལ་དམིགས་པ་དང་། བརྗེ་རེས་དང་ཕན་ཚུན་ལ་དཔྱད་གཞིར་འཛིན་པ། མཉམ་དུ་མ་འོངས་བ་ལོངས་སྤྱོད་བྱེད་པའི་ནང་དོན་གཙོ་བོར་དམིགས་ཏེ། ཡོངས་ཁྱབ་ཏུ་བརྗེ་རེས་དང་གྲོས་མོལ་ཟབ་མོ་བྱས་ནས། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ་དང་། མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བའི་སྔར་ལས་བཟང་བའི་མ་འོངས་བ་གསར་གཏོད་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་པར་རེ་བ་བྱེད་བཞིན་ཡོད་ཟེར།

ཁ་མཱེ་ལུང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མི་གཞུང་བརྗེ་རེས་འབྲེལ་བའི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། དབྱིན་ཇི་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་པའི་ཚུལ་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག