མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-24 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ4བའི་ཚེས23ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཁེ་ལས་ཀྱི་དངུལ་གཏོང་རང་བདག་དབང་ཆ་སྔར་ལས་དོན་ཐོག་ཏུ་འཁྱོལ་བར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་གཏན་འཁེལ་བྱས་པ་དང་། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་སུ་སྤྱི་ཚོགས་ཀྱི་མ་རྩ་གཏོང་བའི་ལས་གཞི་ལག་བསྟར་བྱེད་རྒྱུ་ཐག་གཅོད་བྱས་པར་མ་ཟད། ཚོང་ར་འདྲ་མཉམ་སྒོས་འགྲན་རྩོད་བྱེད་པ་དང་ཚོང་རའི་རྒྱུན་ལྡན་གྱི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པའི་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་བལྟས་ན། ཁེ་ལས་ལ་མ་དངུལ་གཏོང་བའི་རང་བདག་དབང་ཆ་ལྡན་པ་ནི་ཚོང་ར་དང་སྲིད་གཞུང་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡིན་ལ། དངུལ་གཏོང་གི་ནུས་པ་གཙོ་བོ་འདོན་སྤེལ་བྱེད་པ་དང་། སྒྲིག་གཞི་བཅོས་བསྒྱུར་བྱེད་པར་བརྟེན་ནས་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བ་སྲུང་འཛིན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པར་སྙམ།

གྲོས་ཚོགས་སྟེང་སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་ལྟར། ལྕགས་ལམ་དང་གྲུ་ཁ་སོགས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་དང་། རབས་གསར་བའི་ཆ་འཕྲིན་རྨང་གཞིའི་སྒྲིག་ཆས། ཆུ་གློག་དང་རླུང་ཤུགས་གློག་འདོན། ཉི་འོད་ནུས་པ་སོགས་དག་གཙང་ནུས་ཁུངས་བཟོ་སྐྲུན། དེང་རབས་རྡོ་སོལ་ཅན་གྱི་བཟོ་ལས་དང་རྡོ་སྣུམ་རྫས་འགྱུར་ཐོན་ལས་རྟེན་གཞི་སོགས་ཐད་ལ་ཐོག་མར་ཇུས་གཞི་དང་སྒྲིག་བཀོད་ཀྱི་རེ་བ་དང་མཐུན་པའི་དཔེ་སྟོན་ལས་གཞི་བརྒྱད་ཅུ་ལག་བསྟར་བྱེད་རྒྱུ་གཏན་འཁེལ་བྱས་པར་མ་ཟད། སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་མངོན་གསལ་སྒོས་དམིགས་འགུགས་བྱས་ནས། སྤྱི་ཚོགས་མ་རྩ་དེའི་ཁྲོད་གཏོང་བར་སྐུལ་མ་གཏོང་བ་དང་བསྡུ་ལེན་བྱེད་ཆོག་པ་གཏན་ལ་ཕབ།

གྲོས་ཚོགས་སྟེང་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ་བཅས་ཀྱི་དགོངས་དོན་ལྟར། མུ་མཐུད་དུ་སྲིད་བསྡུ་དབང་གཏོང་བྱས་ནས། དབང་ཆ་མར་སྤྲོད་པ་དང་དོ་དམ་གཉིས་ཟུང་འབྲེལ་བྱེད་པ་དང་། ཕྱོགས་གཉིས་ཀ་ཕུན་ཚུན་གཞོགས་འདེགས་དམ་པོ་བྱས་ཏེ། འདྲ་མཉམ་གྱི་འགྲན་རྩོད་ཁོར་ཡག་བསྐྲུན་པ་དང་། ཚོང་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་དགོས་པར་མ་ཟད། མགོ་མཇུག་བར་གསུམ་གྱི་ལྟ་སྐུལ་དོ་དམ་བྱ་བར་ཤུགས་སྣོན་པ་དང་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བའི་ཁྲོད་སྲིད་བསྡུ་དབང་གཏོང་བྱ་བ་བདེ་བླག་ངང་སྒྲུབ་རྒྱུ་ནི་དཔལ་འབྱོར་འཁོར་རྒྱུག་བྱེད་པ་སྲུང་འཛིན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག