མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཀྲུང་གོ་དང་དབྱིན་ཇིའི་རིམ་པ་མཐོ་བའི་མི་གཞུང་བརྗེ་རེས་ལས་ཁུངས་ཀྱི་དབྱིན་ཇི་ཕྱོགས་ཀྱི་ཀྲུའུ་ཞིར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-24 10:56

ཟླ4བའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོར་ཀྲུང་གོ་དང་དབྱིན་ཇིའི་རིམ་པ་མཐོ་བའི་མི་གཞུང་བརྗེ་རེས་ལས་ཁུངས་ཀྱི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པར་ཡོང་བའི་དབྱིན་ཇི་ཕྱོགས་ཀྱི་ཀྲུའུ་ཞི། དབྱིན་ཇིའི་འཕྲོད་བསྟེན་བློན་ཆེན་ཧིན་ཐི་ལ་མཇལ་འཕྲད་གནང་།
ཟླ4བའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོར་ཀྲུང་གོ་དང་དབྱིན་ཇིའི་རིམ་པ་མཐོ་བའི་མི་གཞུང་བརྗེ་རེས་ལས་ཁུངས་ཀྱི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པར་ཡོང་བའི་དབྱིན་ཇི་ཕྱོགས་ཀྱི་ཀྲུའུ་ཞི། དབྱིན་ཇིའི་འཕྲོད་བསྟེན་བློན་ཆེན་ཧིན་ཐི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས23ཉིན་གྱི་ཕྱི་དྲོར་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོར་ཀྲུང་གོ་དང་དབྱིན་ཇིའི་རིམ་པ་མཐོ་བའི་མི་གཞུང་བརྗེ་རེས་ལས་ཁུངས་ཀྱི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པར་ཡོང་བའི་དབྱིན་ཇི་ཕྱོགས་ཀྱི་ཀྲུའུ་ཞི། དབྱིན་ཇིའི་འཕྲོད་བསྟེན་བློན་ཆེན་ཧིན་ཐི་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་དབྱིན་ཇིའི་རིམ་པ་མཐོ་བའི་མི་གཞུང་བརྗེ་རེས་ལས་ཁུངས་བཙུགས་ནས་ལོ་གཉིས་འགོར་བའི་རིང་ལ། ཀྲུང་གོ་དང་དབྱིན་ཇིའི་དཔལ་འབྱོར་ནོར་སྲིད་བར་གྲོས་མོལ་དང་འཐབ་ཇུས་གྲོས་མོལ་བྱས་ནས། དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཕྱོགས་གཙོ་བོར་བསྒྱུར་བར་མ་ཟད། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་དབྱིན་ཇིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་བཏང་ཡོད་ཟེར།

ལིས་ཁི་ཆང་གིས་ཕྱོགས་གཉིས་ཀྱིས་མི་གཞུང་བརྗེ་རེས་བྱ་བ་བཟང་བོར་སྒྲུབ་སྟེ། སློབ་གསོ་དང་འཕྲོད་བསྟེན། ན་གཞོན། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཧུར་ཐག་སྒོས་རྒྱ་བསྐྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བའི་དམངས་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་པའི་རེ་བ་བཏོན།

ཧིན་ཐི་ཡིས་བཤད་རྒྱུར། དབྱིན་ཇི་དང་ཀྲུང་གོ་གཉིས་ཀྱིས་ཕན་ཚུན་ལ་མཉམ་ལས་བྱེད་པའི་གྲོགས་པོ་གལ་ཆེན་ཞིག་ཏུ་བརྩིས་ཡོད་ལ། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་བར་གྱི་འགྲོ་འོང་སྔར་ལས་ཇེ་དམ་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་རིམ་པ་མཐོ་བའི་མི་གཞུང་བརྗེ་རེས་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རིག་གནས་དང་སློབ་གསོ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་རྒྱ་བསྐྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བཤེས་ཇེ་དམ་དུ་བཏང་སྟེ། དབྱིན་ཇི་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག