མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2014ལོའི་མཚོ་ཐོག་མཉམ་ལས་ཞེས་པའི་མཉམ་འབྲེལ་ནང་སྦྱོང་གི་གྲ་སྒྲིག་བྱས་ཟིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-23 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་དམག་གླེང་སྟེགས་ཀྱི་ལོ་ཚོགས་ལ་ཞུགས་པའི་རྒྱལ་ཁབ་ཁག་གི་མཚོ་དམག་གི་འཐུས་མི་ཚོགས་པ་སྤྱི་ཚེས21ཉིན་གཅིག་རྗེས་གཉིས་མཐུད་ངང་ཆིང་ཏའོ་རུ་འཛོམས་ནས། སྤྱི་ལོ2014ལོའི་མཚོ་ཐོག་མཉམ་ལས་ཞེས་པའི་མཉམ་འབྲེལ་ནང་སྦྱོང་ནང་ཞུགས་མཁན་རྒྱལ་ཁབ་ཁག་གི་དཔོན་དམག་ནས་གྲ་སྒྲིག་ལས་དོན་ཁག་སྒྲུབ་ཟིན་ཡོད་པ་རེད། སྤྱི་ཚེས21ཉིན་གྱི་སྔ་དྲོ་སྤྱི་ལོ2014ལོའི་མཚོ་ཐོག་མཉམ་ལས་ཞེས་པའི་མཉམ་འབྲེལ་ནང་སྦྱོང་གི་མཐའ་མའི་གྲ་སྒྲིག་ཚོགས་འདུ་དེ་ཆིང་ཏའོ་ཡི་དམག་གྲུའི་གྲུ་ཁ་ཞིག་ཏུ་གཉེར་བ་རེད། ཐེངས་འདིའི་ནང་སྦྱོང་ནང་ཁྱོན་ཀྲུང་གོ་དང་ཕྱི་རྒྱལ་གྱི་དམག་གྲུ་ཁག་བཅུ་དགུ་དང་། ཐད་འཕུར་གནམ་གྲུ་བདུན། སྐམ་འཐབ་རུ་མི་བཅས་ཞུགས་རྒྱུ་དང་། ནང་སྦྱོང་གི་གཙོ་ཁྲིད་པུའུ་ཡི་བཀོད་འདོམས་དཔོན་གཞོན་པ་ཏའ་ཤའོ་དམག་དཔོན་ཝང་ཏའ་ཀྲུང་གིས། མཉམ་འབྲེལ་རུ་ཁག་གསུམ་ལ་ནང་སྦྱོང་གི་རྣམ་གྲངས་མི་འདྲ་བ་ཡོད་པ་དང་། ཕན་ཚུན་གཞོགས་འདེགས་བྱ་དགོས་པའི་ནང་དོན་མང་པོ་ཡོད། མཉམ་འབྲེལ་འཚོལ་སྐྱོབ་དང་། བཙན་ཁྲིད་ལ་འགོག་རྒོལ་བྱ་རྒྱུའི་རྣམ་གྲངས་ཡོད་པས། དམག་གྲུ་ཕུད་ད་དུང་དམིགས་བསལ་དམག་འཐབ་དཔུང་སྡེའི་ཐད་འཕུར་གནམ་གྲུ་ཡང་ཞུགས་དགོས་པ་དང་། ཕན་ཚུན་རོགས་ལས་བྱེད་པའི་རྩལ་ཐབས་རྙོག་དྲ་ཆེ་ཙམ་ཡོད་ཅེས་གསུངས་འདུག ཉེ་བའི་ཉིན་གཉིས་ནང་ཆིང་ཏའོ་མཚོ་ཁོངས་སུ་སྨུག་པ་འཐིབ་པས། ཝང་ཏ་ཀྲུང་གིས། ཐེངས་འདིའི་ནང་སྦྱོང་ནང་ཞུགས་པའི་དམག་གྲུ་དང་དཔོན་དམག་རྣམས་ཀྱི་ངོས་ནས་བཤད་ན་དེ་ནི་ཚོད་བགམ་གཞན་ཞིག་རེད་ཅེས་གསུངས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག