མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལས་གཉེར་དཔྱ་ཁྲལ་རིན་འཕར་དཔྱ་ཁྲལ་ལ་བསྒྱུར་བའི་ཁྱབ་ཁོངས་སླར་ཡང་རྒྱ་ཆེར་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-23 11:15

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་ཁབ་ཁྲལ་དོན་ཅུད་ཀྱིས་སྤྱི་ཚེས22ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་གསལ་བར། ལས་གཉེར་དཔྱ་ཁྲལ་རིན་འཕར་དཔྱ་ཁྲལ་ལ་བསྒྱུར་བའི་བྱ་ཐབས་དེ་ལྕགས་ལམ་སྐྱེལ་འདྲེན་ལས་རིགས་དང་སྦྲག་སྲིད་ལས་རིགས་ནང་ལག་བསྟར་བྱས་པའི་དུས་ཚིགས་དང་པོར། ལས་གཉེར་དཔྱ་ཁྲལ་རིམ་འཕར་དཔྱ་ཁྲལ་ལ་བསྒྱུར་བའི་བྱ་ཐབས་དེས་ཚོད་ལྟའི་ལག་བསྟར་བྱེད་སའི་ཁེ་ལས་ཀྱི་དཔྱ་ཁྲལ་སྒོར་དུང་ཕྱུར375ང་དུ་གཏོང་ཐུབ་པ་བྱུང་བ་དང་། དཔྱ་ཁྲལ་གྱི་ཡོང་འབབ་བརྒྱ་ཆ9.9འཕར་ཡོད་པ་རེད། གཅིག་འཕར་གཅིག་ཆག་དེའི་ཐོག་ནས་རང་རྒྱལ་གྱི་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་གི་འཕེལ་རིམ་ཡག་པོ་བྱུང་བ་མངོན་ཡོད།

    ལྕགས་ལམ་སྐྱེལ་འདྲེན་དེ་ལས་གཉེར་དཔྱ་ཁྲལ་རིན་འཕར་དཔྱ་ཁྲལ་ལ་བསྒྱུར་བའི་ཚོད་ལྟའི་ལག་བསྟར་ཁྱབ་ཁོངས་ནང་བཅུག་པ་དེས་གཞུང་ལམ་དང་། ཆུ་ཐོག་སྐྱེལ་འདྲེན། མཁའ་འགྲུལ། ལྕགས་ལམ་བཅས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཧྲིལ་པོའི་རིན་ཐང་འཕར་མའི་དཔྱ་ཁྲལ་གྱི་སྦྲེལ་ཐག་ཆ་ཚང་ཞིག་གྲུབ་པ་དང་། ཁྱབ་ཁོངས་དེའི་ནང་གནས་པའི་དཔྱ་ཁྲལ་བསྐྱར་མ་བསྡུ་བའི་རྣམ་པ་ཡོངས་སུ་མེད་པ་བཟོས་ཡོད་པ་རེད།

    རྡོ་སོལ་དང་། ངར་ལྕགས། འབྲུ་རིགས་སོགས་ཕོན་ཆེན་དངོས་ཟོག་སྐྱེལ་འདྲེན་བྱེད་རྒྱུ་ཡང་གཙོ་བོ་ལྕགས་ལམ་ལ་བརྟེན་དགོས་པས། ཁེ་ལས་དེ་དག་ཀྱང་ད་ཐེངས་ཀྱི་ལས་གཉེར་དཔྱ་ཁྲལ་རིན་འཕར་དཔྱ་ཁྲལ་ལ་བསྒྱུར་བའི་ཁྱབ་ཁོངས་ཇེ་ཆེར་གཏོང་བའི་ཁྲོད་ཕན་པ་ཐོབ་མཁན་གཙོ་བོའི་གྲས་ཡིན།

    ད་ལོའི་དུས་ཚིགས་དང་པོར། ལས་གཉེར་དཔྱ་ཁྲལ་རིན་འཕར་དཔྱ་ཁྲལ་ལ་བསྒྱུར་བའི་ཚོད་ལྟའི་གཙོ་གནད་ལས་རིགས་ནང་། བོགས་གཏོང་དང་ཚོང་དོན་ཞབས་ཞུའི་ལས་རིགས་ཀྱི་ཁྲལ་འབབ་བརྒྱ་ཆ20.7འཕར་ཡོད་པ་དང་། ཆ་འཕྲིན་ཞབས་ཞུའི་ལས་རིགས་ཀྱི་ཁྲལ་འབབ་བརྒྱ་ཆ17.8འཕར་ཡོད་ཅིང་། ཚང་མ་རྒྱལ་ཡོངས་ཀྱི་ཐོན་ལས་གསུམ་པའི་འཕར་ཚད་ཀྱི་བརྒྱ་ཆ13.6ལས་ཤུགས་ཆེན་པོས་མང་བ་ཡོད་པ་རེད།

    སྤྱི་ཚེས22ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། ཞབས་ཞུའི་ལས་རིགས་ཀྱི་ཁྲལ་འབབ་ཀྱིས་ཡོང་འབབ་སྤྱིའི་ནང་བཟུང་བའི་བསྡུར་ཚད་མཐོ་ཤོས་ཡིན་པ་དང་། རླངས་འཁོར་བཟོ་སྐྲུན་ལས་རིགས་དང་། འཕྲིན་གཏོང་སོགས་གློག་རྡུལ་བཟོ་སྐྲུན་ལས་རིགས་ཀྱི་ཁྲལ་འབབ་འཕར་ཚད་ཅུང་མགྱོགས་པོ་ཡོད་ཅིང་། ཀྲུང་གོའི་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་བྱེད་པའི་འཕེལ་རིམ་བདེ་བླག་བྱུང་བ་མངོན་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག