མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་འཇར་མན་གྱི་ཙུང་ལི་གཞོན་པར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-23 11:04

ཟླ4བའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་འཇར་མན་གྱི་ཙུང་ལི་གཞོན་པ་ཞོར་དུ་དཔལ་འབྱོར་དང་ནུས་ཁུངས་པུའུ་ཡི་པུའུ་ཀྲང་ཅ་པུའུ་ལི་ཨར་ལ་མཇལ་འཕྲད་གནང་།
ཟླ4བའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་འཇར་མན་གྱི་ཙུང་ལི་གཞོན་པ་ཞོར་དུ་དཔལ་འབྱོར་དང་ནུས་ཁུངས་པུའུ་ཡི་པུའུ་ཀྲང་ཅ་པུའུ་ལི་ཨར་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས22ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་འཇར་མན་གྱི་ཙུང་ལི་གཞོན་པ་ཞོར་དུ་དཔལ་འབྱོར་དང་ནུས་ཁུངས་པུའུ་ཡི་པུའུ་ཀྲང་གི་འགན་ཁུར་མཁན་ཅ་པུའུ་ལི་ཨར་ལ་མཇལ་འཕྲད་གནང་།

    ལིས་ཁི་ཆང་གིས་གསུངས་རྒྱུར། ཟླ་སྔོན་མར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་འཇར་མན་ལ་ཕུན་སུམ་ཚོགས་པའི་འཚམས་འདྲི་མཛད་དེ། ཀྲུང་གོ་དང་འཇར་མན་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་ལ་ནུས་ཡོད་སྒོས་སྐུལ་འདེད་བཏང་། དེང་སྐབས་རྒྱལ་ཁབ་གཉིས་ཀྱི་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་ཇེ་དམ་དུ་འགྲོ་བཞིན་ཡོད། ཁྱེད་ཀྱིས་ཐེངས་འདིར་གྲོས་མི་དང་ཁེ་ལས་ལས་རིགས་ཀྱི་འཐུས་མི་ཁྲིད་དེ་འཚམས་འདྲིར་ཡོང་བ་ལས་ཀྲུང་གོ་དང་འཇར་མན་གཉིས་ཀྱི་འབྲེལ་བ་གཏིང་ཟབ་པ་དང་རྒྱ་ཆེ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་མཚོན་ཡོད་ལ། བདག་གིས་ད་ལོར་ཙུང་ལི་མའོ་ཁི་ཨར་ཀྲུང་གོར་འཚམས་འདྲིར་ཡོང་བར་རེ་སྒུག་བྱེད་བཞིན་ཡོད་ཟེར།

    ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་འཛམ་གླིང་གི་དཔལ་འབྱོར་ཚོགས་པ་ཆེན་པོ་གཉིས་པ་ཡིན་པའི་ཆ་ནས། ད་ལོའི་དུས་ཚིགས་དང་པོར་དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་ཡོད་ལ། ང་ཚོས་དེང་སྐབས་དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བའི་གནས་བབ་བཟང་བོ་རྒྱུན་འཛིན་བྱེད་དགོས་ལ། མ་འོངས་བར་དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག མགྱོགས་མྱུར་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་དམིགས་དགོས། དེར་བརྟེན་ང་ཚོས་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྲིད་གཞུང་དང་ཚོང་རའི་འབྲེལ་བ་ཐག་གཅོད་བྱེད་དགོས་པར་མ་ཟད། དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང། དག་གཙང་ནུས་ཁུངས་དང་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ལག་རྩལ་བཅས་ནུས་ཡོད་སྒོས་འཕེལ་རྒྱས་སུ་གཏོང་དགོས། ཕྱོགས་དེ་དག་ཐད་ནས་ཀྲུང་གོས་འཇར་མན་དང་བཅས་པའི་རྒྱལ་ཁབ་སོ་སོའི་ཁེ་ལས་ལ་ཚོང་ལས་ཀྱི་གོ་སྐབས་ཆེན་པོ་འདོན་སྤྲོད་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།

    ཅ་པུའུ་ལི་ཨར་གྱིས་བཤད་རྒྱུར། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་གོ་རིམ་ལ་རོགས་སྐྱོར་བྱེད་རྒྱུ་དང་། ཀྲུང་གོ་དང་འཇར་མན་གྱིས་མ་དངུལ་གཏོང་ས་དང་ལག་རྩལ་མཉམ་ལས་སྤེལ་ས་ཞིག་ཏུ་བསྒྱུར་བར་རེ་བ་བྱེད་བཞིན་ཡོད་ལ། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་གསར་སྐྲུན་དང་ལག་རྩལ་ཞིབ་འཇུག་དང་གསར་གཏོད་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལ་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱེད་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག