མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀའོ་ལིས་ཀྱིས་དབྱི་ལང་གི་མགྲོན་པར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-23 11:04

ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཞིན་ཅང་ཚོམས་ཁང་དུ་དབྱི་ལང་གི་དཔལ་འབྱོར་ལས་དོན་དང་ནོར་སྲིད་པུའུ་ཀྲང་ཐ་དབྱི་པུའུ་ཉི་ཡ་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས22ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ཞིན་ཅང་ཚོམས་ཁང་དུ་དབྱི་ལང་གི་དཔལ་འབྱོར་ལས་དོན་དང་ནོར་སྲིད་པུའུ་ཀྲང་ཐ་དབྱི་པུའུ་ཉི་ཡ་ལ་མཇལ་འཕྲད་གནང་། ཀྲང་ཀའོ་ལིས་ཀྱིས་བསྟན་དོན། ཀྲུང་གོས་དབྱི་ལང་བར་གྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བར་ཧ་ཅང་གཅེས་འཛིན་བྱེད་བཞིན་ཡོད་ལ། ཐོག་མཐའ་བར་གསུམ་དུ་དབྱི་ལང་ནི་འཐབ་ཇུས་རིམ་པའི་གྲོགས་པོ་གལ་ཆེན་དུ་བརྩི་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག་ཀྲུང་གོ་དང་དབྱི་ལང་གཉིས་ཀྱིས་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་སྲུང་འཛིན་བྱས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་རྒྱུན་ལྡན་ཡིན་ལ། ཆབ་སྲིད་ཀྱི་ཐད་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་ཤུགས་ཇེ་དྲག་དང་དངོས་གཉེར་མཉམ་ལས་གཏན་འཇགས་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པར་མ་ཟད། ཕྱོགས་གཉིས་བར་གྱི་ཉོ་ཚོང་འབོར་གྲངས་བརྟན་འཇགས་སྒོས་འཕར་སྣོན་འབྱུང་བཞིན་ཡོད། གཞན་ད་རུང་ཕྱོགས་གཉིས་ཀྱི་མི་གཞུང་བརྗེ་རེས་སྣ་མང་ཕུན་སུམ་ཚོགས་པ་དང་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་ལ་མཐུན་སྦྱོར་དང་གཞོགས་འདེགས་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ལང་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་སོ་སོ་དང་ལྷག་པར་དུ་དངུལ་ལོར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

    ཐ་དབྱི་པུའུ་ཉི་ཡ་ཡིས་བསྟན་དོན། དབྱི་ལང་གིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་ལ། གནས་བབ་གསར་བའི་འོག་ཏུ་དབྱི་ལང་གིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་དངུལ་ལོར། ནུས་ཁུངས། དངུལ་གཏོང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་ནས་འཕེལ་རྒྱས་གསར་བ་འབྱུང་བར་མཉམ་དུ་ཡར་སྐུལ་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག