མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཞིང་སྡེའི་དངུལ་ལོར་ཞབས་ཞུའི་ཉམས་མྱོང་བརྗེ་རེས་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-23 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁབ་ཁང་གིས་རྒྱལ་ཡོངས་ཞིང་སྡེའི་དངུལ་ལོར་ཞབས་ཞུའི་ཉམས་མྱོང་བརྗེ་རེས་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གྲོས་ཚོགས་སྟེང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་ཞིང་གསུམ་བྱ་བ་ནི་སྲིད་གཞུང་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་ཡིན། དངུལ་ལོར་གྱིས་ཞིང་གསུམ་བྱ་བར་རོགས་སྐྱོར་བྱེད་པར་ཤུགས་སྣོན་པ་དེ་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་པར་ཤུགས་སྣོན་པ་དང་། དེང་རབས་ཞིང་ལས་འཛུགས་སྐྲུན་བྱེད་པ། ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བ། མཁར་གྲོང་གི་ཁྱད་པར་ཇེ་ཆུང་དུ་གཏོང་བ་བཅས་ཐད་ལ་དོན་སྙིང་གལ་ཆེན་ལྡན་པས། ཞིང་གསུམ་བྱ་བ་འཕེལ་རྒྱས་སུ་གཏོང་བའི་དགོས་མཁོ་གཞིར་བཟུང་སྟེ། ཞིང་སྡེའི་དངུལ་ལོར་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཞིང་སྡེའི་དངུལ་ལོར་ཚོང་ར་སྐྱེད་སྲིང་བྱེད་པ། ཞིང་ལས་སྐོར་གྱི་དངུལ་བུན་དང་སྲིད་ཇུས་ཀྱི་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ། ཁྱད་པར་ཅན་གྱི་དངུལ་གསོག་གྲ་སྒྲིག་མ་དངུལ་ལམ་ལུགས་ལག་བསྟར་བྱེད་པ། དངུལ་ལོར་ལྟ་སྐུལ་དོ་དམ་དང་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཞིང་ལས་སྐོར་གྱི་དངུལ་ལོར་ལས་ཁུངས་ཀྱིས་ཀུན་ལ་ཕན་པའི་དངུལ་ལོར་འདུ་ཤེས་བཅངས་པ་དང་། རང་ཉིད་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། ཞིང་གསུམ་བྱ་བར་གཙིགས་འཛིན་བྱེད་པ་དང་ཞིང་ལས་ལ་མཐུན་རྐྱེན་མང་པོ་བསྐྲུན་ཏེ། ཞིང་སྡེའི་དངུལ་ལོར་ཞབས་ཞུའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག