མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པས་ཚན་ཆུང་བགོས་ཏེ་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-23 11:04

       རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པས་ཚེས22ཉིན་གྱི་སྔ་དྲོར་ཚན་ཆུང་བགོས་ཏེ་གྲོས་ཚོགས་བསྡུས་ནས། ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གྲོས་ཞིབ་ལ་ཞུགས།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པས་ཚེས22ཉིན་གྱི་སྔ་དྲོར་ཚན་ཆུང་བགོས་ཏེ་གྲོས་ཚོགས་བསྡུས་ནས། ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གྲོས་ཞིབ་ལ་ཞུགས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པས་ཚེས22ཉིན་གྱི་སྔ་དྲོར་ཚན་ཆུང་བགོས་ཏེ་གྲོས་ཚོགས་བསྡུས་ནས། ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གྲོས་ཞིབ་ལ་ཞུགས།

    ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར་བསྡུས་པའི་ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་མཇུག་འབྲས་སྐོར་གྱི་སྙན་ཞུར་ཉན།

    ཚོགས་ཞུགས་མི་སྣས་བལྟས་ན། འཆར་ཟིན་ལས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་བར་དང་། དོ་དམ་ནན་མོ་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བའི་བར་གྱི་འབྲེལ་བ་ཐག་གཅོད་ཅུང་བཟང་བོ་བྱས་ཡོད་པ་སྟེ། གཅིག་ནི་དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་གཉིས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བའི་འདུ་ཤེས་གཏན་འཁེལ་གསལ་བོ་བྱས་པ་དང་། གཉིས་ནི་དེང་སྐབས་ཀྱི་ཛ་དྲག་ཆེ་བའི་ཁོར་ཡུག་གི་གནས་བབ་ལ་དམིགས་ཏེ། བཙོག་འདོན་ཁེ་ལས་ལ་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རེ་བ་སྔར་ལས་མཐོན་པོ་བཏོན། གསུམ་ནི་ཁོར་ཡུག་སྲུང་སྐྱོབ་དང་དྲིལ་སྒྲོག་སློབ་གསོ་བྱ་བར་སྔར་ལས་ཤུགས་སྣོན་པ་དང་། སྤྱི་དམངས་ཀྱི་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་སོགས་ཐད་ལ་གཏན་འཁེལ་བྱས་པ་སོགས་ཡིན་པར་སྙམ།

    ཚོགས་ཞུགས་མི་སྣས་བལྟས་ན། ཁོར་ཡུག་གནད་དོན་ནི་ཡུན་རིང་གི་གོ་རིམ་ཞིག་ཡིན་ལ། འགྲུབ་སླ་བ་ཞིག་ཀྱང་མིན་པས། སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱེད་དགོས། བཅའ་ཁྲིམས་ལ་གྲོས་འཆམ་བྱུང་རྗེས། ཕྱོགས་སོ་སོས་བཅའ་ཁྲིམས་འདི་དྲིལ་སྒྲོག་བྱེད་པར་ཤུགས་བསྣན་ཏེ། བཅའ་ཁྲིམས་འདིའི་ནང་དོན་དང་ལམ་ལུགས་མི་རྣམས་ལ་ཤེས་སུ་འཇུག་དགོས་པར་སྙམ།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག