མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ད་ལོར་རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་བརྡལ་ཅན་གྱི་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་རྒྱུ་ཡིན་པ།

རྩོམ་པ་པོ། ཟླ་བ་ཚེ་རིང་།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-20 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོར་རྒྱལ་ཁབ་ཀྱིས་བསྒྱུར་བཅོས་རྣམ་གྲངས་ལྔ་ལ་སྐུལ་འདེད་བཏང་ནས་རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་བརྡལ་ཅན་གྱི་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་རྒྱུ་ཡིན་པ་རེད།

སྤྱི་ཚེས་19ཉིན་རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་ད་ལོ་ནས་བཟུང་རྒྱལ་ཁབ་ནས་མིའི་གྲོང་ཁྱེར་དང་གྲོང་བརྡལ་ཅན་གྱི་ལྟེ་བ་འདི་ལ་དམ་པོར་དམིགས་ནས་གཙོ་གནད་ཐོག་མི་འབོར་དང་། ས་ཞིང་། མ་དངུལ་འགན་སྲུང་། སྡོད་ཁང་། དེ་བཞིན་སྐྱེ་ཁམས་དཔལ་ཡོན་སོགས་ཕྱོགས་ལྔའི་ཐད་ལ་སྐུལ་འདེད་གཏོང་རྒྱུ་དང་རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་བརྡལ་ཅན་གྱི་འཛུགས་སྐྲུན་ལ་སྤེལ་གཏོང་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

མི་འབོར་དོ་དམ་ཐད་ལ་ཐེམ་ཐོའི་དོ་དམ་བསྒྱུར་བཅོས་ཇེ་མགྱོགས་སུ་གཏོང་བ་དང་ཆབས་གཅིག་ཏུ་ཁྱོན་ཡོངས་ནས་འགྲུལ་བཞུད་མི་འབོར་འདུས་སྡོད་ཀྱི་ལག་ཁྱེར་ལམ་ལུགས་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད།

ས་ཞིང་ཐད་ལ་གྲོང་ཁྱེར་དང་གྲོང་བརྡལ་ཅན་གྱི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་གསབ་སྣོན་དང་ཞིང་ལས་སྤོ་བསྒྱུར་མི་འབོར་གྱི་གཞིས་ཆགས་གྲངས་འབོར་སྦྲེལ་མཐུད་བྱ་རྒྱུ་དང་གྲོང་ཁྱེར་དང་གྲོང་བརྡལ་གྱི་ཕན་པ་ཆེར་མེད་པའི་སྤྱོད་ས་སླར་ཡང་གསར་སྤེལ་བྱེད་པ་དང་སྦྲེལ་མཐུད་བཅས་ཀྱི་བསྔགས་སྐུལ་བཅུན་སྡོམ་གྱི་སྒྲིག་གཞི་ལག་བསྟར་དང་འཚོལ་ཞིབ་བྱེད་རྒྱུ་ཡིན་པ་རེད།

གྲོང་ཁྱེར་དང་གྲོང་བརྡལ་ཅན་གྱི་མ་དངུལ་འགན་སྲུང་ཐད་ལ་ནོར་སྲིད་གཏོང་སྤྲོད་སྤོ་བསྒྱུར་དེ་ཞིང་ལས་མི་འབོར་གྲོང་ཁྱེར་ཅན་དུ་སྤོ་བསྒྱུར་བྱེད་པའི་སྦྲེལ་མཐུད་སྒྲིག་གཞི་འཛུགས་རྒྱུ་དང་། དེས་གྲོང་ཁྱེར་སྲིད་གཞུང་གི་ནོར་སྲིད་དང་སྤྱི་པའི་ཞབས་ཞུའི་དབང་ཆ་ཕན་ཚུན་མཐུན་སྦྱོར་བྱེད་རྒྱུ། དེ་དང་ཆབས་ཅིག་ཏུ་དངུལ་རྩ་རུབ་བསྡུས་ཡོ་ཆད་གསར་གཏོད་བྱས་ཏེ་ཐབས་ལམ་སྣ་ཚོགས་བརྒྱུད་སྤྱི་ཚོགས་མ་རྩ་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ནང་བཞུགས་རྒྱུར་འདྲེན་འགུག་བྱེད་རྒྱུ་ཡིན་པ་རེད།

སྡོད་ཁང་ཐད་ལ་འགན་སྲུང་རང་བཞིན་སྡོད་ཁང་ལ་མུ་མཐུད་དེ་ཤུགས་སྣོན་བརྒྱབ་ནས་ནོར་སྲིད་མ་འཇོག་བརྟན་ལྷིང་བྱེད་རྒྱུ་དང་ས་ཁང་བདག་དབང་ཁྲོམ་རའི་ཚོད་འཛིན་གྱི་ཡུན་རིང་ནུས་ཆོད་སྒྲིག་གཞི་འཛུགས་རྒྱུ།

སྐྱེ་ཁམས་ཐད་ལ་སྐྱེ་ཁམས་དཔལ་ཡོན་དཔྱད་དཔོག་སྒྲིག་གཞི་དང་ཐོན་ཁུངས་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་དང་སྐྱེ་ཁམས་ཁ་གསབ་སོགས་ཀྱི་ལམ་ལུགས་གཙོ་གནད་ཐོག་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་བཏང་ནས་ཆེས་ནན་ཤོས་ཀྱི་ཁོར་ཡུག་ལྟ་སྐུལ་དོ་དམ་ལག་ལེན་བསྟར་རྒྱུ་ཡིན་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག