མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཚན་རྩལ་གསར་གཏོད་དེ་རྒྱལ་ཁབ་གོང་འཕེལ་གྱི་ཁྱོན་ཡོངས་ལྟེ་བར་འགྱུར་བ་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། ཟླ་བ་ཚེ་རིང་།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-20 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་གཏོད་སྐུལ་འདེད་གོང་འཕེལ་གྱི་འཐབ་ཇུས་ལག་ལེན་བསྟར་ནས་ཚན་རྩལ་གསར་གཏོད་དེ་རྒྱལ་ཁབ་གོང་འཕེལ་གྱི་ཁྱོན་ཡོངས་ལྟེ་བར་འགྱུར་བ་བྱེད་རྒྱུ་ཡིན་པ་རེད། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཡིན་པའི་ཀྲུང་གོའི་བཟོ་བསྐྲུན་ལས་རིགས་དེ་ཚན་རྩལ་གསར་གཏོད་དང་རྒྱལ་མཚམས་ལས་སྒྲོལ་བའི་གསར་དར་ཐོན་ལས། རིམ་སྤར་བརྗེ་བསྒྱུར་མངོན་འགྱུར་བཅས་ལ་འབད་བརྩོན་ཆེན་པོས་སྐུལ་འདེད་གཏོང་བཞིན་ཡོད།

ཚོན་ཁྲས་དོ་དམ་བྱེད་འི་དུས་རབས་ཀྱི་ཀྲུང་གོའི་ཚོན་ཁྲའི་བརྙན་འཕྲིན་གྱི་རྒྱལ་པོ་ཡིན་པའི་ངོས་ནས་ཁྲང་ཧུང་གིས་དཀའ་ངལ་ཆེན་པོས་དེ་སྔའི་གཟི་བརྗིད་རྒྱུན་འཁྱོངས་བྱས་ཡོད། སྤྱི་ལོ་2012ལོར་ཁྲང་ཧུང་ཚོན་ཁྲའི་བརྙན་འཕྲིན་ཕྱིར་གཏོང་ཚད་དེ་ས་ཡ་བདུན་དང་ལྔ་འབུམ་ཟིན་པ་དང་། ལོ་དེ་རང་ལ་TCLདང་། ཧའེ་ཤིན། ཁྲོའང་ཝེབཅས་ཀྱི་ཕྱིར་གཏོང་བྱེད་ཚད་བྱེ་བ་གཅིག་ལས་བརྒལ་ཡོད་པ་རེད། རྒྱལ་ཁབ་ཀྱི་ཐེངས་དང་པོ་གསར་གཏོད་རྣམ་པའི་ཁེ་ལས་ཡིན་པའི་ངོས་ནས་ལོ་རེར་ཐོན་ཚད་དུང་ཕྱུར་ཆིག་སྟོང་ལ་ཉེ་བའི་ཁྲང་ཧུང་གིས་བློ་ཐག་ཆོད་པོས་རིག་ནུས་མིན་པའི་བརྙན་འཕྲིན་ཐོན་སྐྱེད་བྱེད་མཚམས་བཞག་སྟེ་ཨིན་སྦྲེལ་དྲ་བའི་བརྙན་འཕྲིན་ལ་འགྱུར་ཡོད་པ་རེད།

IBMདང་མཉམ་ལས་བྱེད་པའི་གྲངས་གཞི་ཆེན་པོའི་གསར་སྤེལ་ལྟེ་གནས་སུ་ཁྲང་ཧུང་གིས་ཐེམ་དུད་ས་ཡ་འགའ་ཤས་ཀྱི་གྲངས་གཞིར་དབྱེ་ཞིབ་བྱས་ནས་གསར་སྤེལ་དང་བྲིན་འཚོང་ཐད་ལ་བཀོད་འཁྲིད་བྱེད་རྒྱུར་སྤྱད་ཡོད། ཟི་ཁྲོན་གློག་འཕྲིན་དང་མཉམ་ལས་བྱས་པ་བརྒྱུད་དེ་དྲ་གསུམ་མཉམ་བསྲེས་དང་ནང་དོན་ཐོན་ཁུངས་སོགས་ཀྱི་ཐད་ལ་འདེགས་སྐྱོར་ཐོབ་ཡོད། སྤྱི་ལོ་2013ལོར་ཁྲང་ཧུང་ཚོན་ཁྲའི་བརྙན་འཕྲིན་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་196.65ཟིན་ནས་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་14.86འཕར་སྟེ་ཡོང་འབབ་འཕར་སྣོན་ཡོང་བའི་སྒུལ་ཤུགས་ཆེ་ཤོས་སུ་གྱུར་ཡོད།

རིག་ནུས་ཚེམ་བཟོ་དེས་གྱོན་ཆས་ལས་རིགས་ཀྱི་སྲོལ་རྒྱུན་འདུ་ཤེས་ལ་འགྱུར་ལྡོག་གཏོང་བཞིན་ཡོད། སྤྱི་ལོ་2013ལོར་ཀྲུང་གོའི་བཟོ་བསྐྲུན་ལས་རིགས་གཞི་ཁྱོན་དེ་འཛམ་གླིང་གི་ཨང་དང་པོར་གྱུར་ཡོད། དེས་ན་བཟོ་ལས་བཟོ་བསྐྲུན་ལས་རིགས་ཀྱི་འགྲན་རྩོད་བྱེད་ནུས་དེ་འཛམ་གླིང་གི་ཨང་བདུན་ལས་ཟིན་མེད། གསར་གཏོད་ལ་སྐུལ་འདེད་བཏང་ནས་རིམ་སྤར་ལས་བརྗེ་བསྒྱུར་བྱེད་པ་དེ་འགྲན་རྩོད་བྱེད་ནུས་མཐོ་རུ་གཏོང་རྒྱུའི་ཆེས་ནུས་ལྡན་གྱི་ཐབས་ལམ་ཞིག་ཏུ་གྱུར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག