མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལུའུ་ཧྲན་ས་ཡོམ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་བསྐྲུན་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བཞིན་པ།

རྩོམ་པ་པོ། ཟླ་བ་ཚེ་རིང་།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-20 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལུའུ་ཧྲན་ས་ཡོམ་ཐོན་ནས་ལོ་ངོ་གཅིག་སོང་རིང་། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་བསྐྲུན་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བཞིན་པ་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།

ན་ནིང་སྤྱི་ཟླ་བདུན་པའི་ཚེས་༢༠ཉིན་ལུའུ་ཧྲན་དུ་ཁྱོན་ཡོངས་ནས་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་བསྐྲུན་འགོ་བརྩམས་ཡོད་པ་རེད། ད་ལོའི་སྤྱི་ཟླ་4པའི་ཚེས་20བསྐྱར་བསྐྲུན་འཆར་འགོད་ནང་བཅུག་པའི་རྣམ་གྲངས་ལས་འགོ་བརྩམས་པ་རགས་རྩིས་བྱས་ན་2303ཟིན་པ་དང་ལས་འགོ་རྩོམ་ཚད་བརྒྱ་ཆ་83.3ཟིན་སྟེ་བསྐྱར་བསྐྲུན་སྤྱིའི་འཆར་འགོད་ཀྱི་རྣམ་གྲངས་ཁྱོན་ཡོངས་ནས་ལས་འགོ་རྩོམ་རྒྱུའི་སྔོན་དཔག་གི་དམིགས་འབེན་མངོན་འགྱུར་ཐུབ་ཡོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་བསྐྱར་བསྐྲུན་ལ་སྐུལ་སྤེལ་ཇེ་མགྱོགས་གཏོང་བཞིན་པ་དང་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་བསྐྱར་བསྐྲུན་ཁྱོན་ཡོངས་ནས་འགོ་བརྩམས་པ། ཐོན་ལས་བསྐྱར་བསྐྲུན་གོ་རིམ་ཡོད་པའི་སྒོ་ནས་ལག་ལེན་སྟར་བ། རྨང་གཞིའི་སྒྲིག་ཆས་བསྐྱར་བསྐྲུན་དང་གྲོང་ཁྱེར་དང་གྲོང་བརྡལ་མ་ལག་འཛུགས་སྐྲུན་བདེ་བླག་ངང་སྐུལ་འདེད་གཏོང་བཞིན་པ། ས་གཤིས་གནོད་འཚེའི་སྔོན་འགོག་བཅོས་སྐྱོང་དང་སྐྱེ་ཁམས་ཉམས་གསོའི་རྣམ་པ་བཟང་པོ་ཐོན་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག