ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱེད་པའི་བགྲོ་གླེང་འཛིན་གྲྭ་སྐབས་བདུན་པ་ཚེས་བཅོ་བརྒྱད་ཉིན་གྲོལ་བ་དང་། ཐེངས་འདིའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ཐུན་མོང་སྐོར་སྦྱོང་ལས་འགན་ཚང་མ་ཡོངས་འགྲུབ་བྱས།
ཐེངས་འདིའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ཐུན་མོང་སྐོར་སྦྱོང་དེ་སྔ་གཞུག་ཏུ་བགྲོ་གླེང་འཛིན་གྲྭ་སྐབས་བདུན་བསྒྲུབས་པ་དང་སྐབས་རེ་རེ་ཡི་དུས་ཡུན་ཉིན་ལྔ་ཡིན་ལ། ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་བསྡོམས་པས་སྟོང་གཅིག་དང་དྲུག་བརྒྱ་ཞེ་གཉིས་ལ་ཐུན་མོང་སྐོར་སྦྱོང་བྱས། སློབ་མ་རྣམས་ཀྱིས་བཤད་རྒྱུར། ཐེངས་འདིའི་སྐོར་སྦྱོང་གིས་ཁོ་ཚོའི་ཡིད་ཆེས་ཇེ་བརྟན་དུ་བཏང་ཞིང་འགན་འཁྲིའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་བསམ་ཕྱོགས་གསལ་བོ་བྱས་ཟེར།
སློབ་མ་རྣམས་ཀྱིས་བཤད་རྒྱུར། ཁོ་ཚོ་ཕྱིར་རང་གི་ལས་གནས་སུ་སོང་རྗེས། ས་ཁུལ་རང་དང་ལས་ཁུངས་རང་གི་དོན་དངོས་དང་འབྲེལ་ཏེ། སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་དང་ཤེས་མ་ཐག་ཏུ་ལག་བསྟར་བྱེད་པ་དང་། གསུངས་བཤད་ཀྱི་དགོངས་དོན་དེ་རང་ཉིད་ཀྱི་བྱ་བའི་ཁྲོད་དུ་ལག་བསྟར་ནན་མོ་བྱེད་རྒྱུ་ཡིན་ཟེར། །