མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཧྭ་ཁྲུན་དབྱིན་གྱིས་ཧནགོའི་གྲུ་གཟིངས་ནུབ་པའི་དོན་རྐྱེན་ལས་གར་སོང་མ་ཤེས་པའི་འགྲུལ་བའི་ཁྲོད་དུ་་ཀྲུང་གོའི་སྤྱི་དམངས་བཞི་ཡོད་པ་བདེན་དཔང་བྱས་ཞེས་བཤད་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-19 11:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིན་གྱིས་བཤད་རྒྱུར། མིག་སྔའི་བར་དུ་ཧན་གོའི་གྲུ་གཟིངས་ནུབ་པའི་དོན་རྐྱེན་ལས་གར་སོང་མ་ཤེས་པའི་འགྲུལ་བའི་ཁྲོད་དུ་ཀྲུང་གོའི་སྤྱི་དམངས་བཞི་ཡོད་པ་བདེན་དཔང་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་འབྲེལ་འདྲིས་དམ་པོ་བྱས་ཏེ་ཧན་གོ་ཕྱོགས་ཀྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་མྱུར་སྐྱོབ་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བཏོན་ཟེར།

ཧྭ་ཁྲུན་དབྱིན་གྱིས་བཤད་རྒྱུར། ཧན་གོ་ན་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཀོང་ཀྲིག་ན་ཡོད་པའི་ཀྲུང་གོའི་སྤྱིའི་གཞུང་ཚབ་ཁང་གཉིས་ཀྱིས་ཧན་གོའི་མཚོ་ངོས་ཉེན་རྟོག་བརྒྱུད་ནས་བདེན་དཔང་བྱས་པ་ལྟར་ན། ཚེས་བཅུ་བདུན་ཉིན་ཧན་གོའི་གྲུ་གཟིངས་ནུབ་པའི་དོན་རྐྱེན་ལས་ཀྲུང་གོའི་སྤྱི་དམངས་གཉིས་གར་སོང་མ་ཤེས་པ་བདེན་དཔང་བྱས་པ་ལས་གཞན། ད་ལྟ་ཡང་ཀྲུང་གོའི་སྤྱི་དམངས་གཉིས་ཀྱིས་མིང་ཐོ་བཀོད་ནས་གྲུ་ཐོག་ཏུ་བུད་པ་བདེན་དཔང་བྱས་པ་དང་། དེའི་ནང་དུ་སློབ་མ་གཅིག་ཡོད་ཟེར།

ཧྭ་ཁྲུན་དབྱིན་གྱིས་བཤད་རྒྱུར། ཀྲུང་གོའི་ཕྱི་འབྲེལ་པུའུ་དང་ཧན་གོ་ན་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་། ཀོང་ཀྲིག་ན་ཡོད་པའི་ཀྲུང་གོའི་སྤྱིའི་གཞུང་ཚབ་ཁང་བཅས་ཀྱིས་ཧན་གོ་ཕྱོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་འབྲེལ་འདྲིས་དམ་པོ་བྱས་ཏེ། ཧན་གོ་ཕྱོགས་ཀྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་མྱུར་སྐྱོབ་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་གར་སོང་མ་ཤེས་པའི་ཀྲུང་གོའི་སྤྱི་དམངས་ཀྱི་མིང་ཐོ་བདེན་དཔང་བྱས་ནས་དུས་ཐོག་ཏུ་ཀྲུང་གོ་ཕྱོགས་ལ་ཀྲུང་གོའི་སྤྱི་དམངས་ཀྱི་ཆ་འཕྲིན་ཁྱབ་སྒྲོག་བྱེད་དགོས་པའི་རེ་བ་བཏོན། ཀོང་ཀྲིག་ན་ཡོད་པའི་ཀྲུང་གོའི་སྤྱིའི་གཞུང་ཚབ་ཁང་གིས་དོན་རྐྱེན་བྱུང་སའི་མཚོ་ཁོངས་གྲུ་ཁ་ལ་མི་སྣ་མངགས་ནས་གར་སོང་མ་ཤེས་པའི་ཀྲུང་གོའི་སྤྱི་དམངས་ཀྱི་ཁྱིམ་མི་ལ་འཚམས་འདྲི་བྱས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག