མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ད་ལོའི་ཟླ་གསུམ་པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་སྟོང་གསུམ་དང་ཉིས་བརྒྱ་དོན་ལྔ་ལ་ཞིབ་བཤེར་ཐག་གཅོད་བྱས་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-19 11:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་པུའུ་ཡི་དྲ་ཐོག་ཏུ་ཉིས་སྟོང་བཅུ་བཞི་ལོའི་ཟླ་གསུམ་པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་བྱས་པའི་སྤྱི་བསྡོམས་རེའུ་མིག་བཀོད། ཟླ་གསུམ་པའི་ནང་དུ་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་འགལ་བའི་གནད་དོན་སྟོང་གསུམ་དང་ཉིས་བརྒྱ་དོན་ལྔ་རྩད་ཆོད་པ་དང་མི་སྟོང་བཞི་དང་ལྔ་བརྒྱ་གོ་དགུ་ལ་ཐག་གཅོད་བྱས་ཤིང་མི་སྟོང་གཅིག་དང་བརྒྱ་དང་སོ་བཞི་ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་འཛིན་ཐད་ནས་ཐག་གཅོད་བྱས།

རྒྱལ་ཡོངས་སུ་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཆེད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དྲུག་ཅུ་བཅས་སུ་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དངོས་འབེབས་གནས་ཚུལ་ཟླ་རེར་ཡར་ཞུ་བྱེད་པའི་ལམ་ལུགས་བཙུགས།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག