མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་པུའུ་དང་ཨུ་ཡོན་ལྷན་ཁང་། ཁེ་ལས། མཐོ་རིམ་སློབ་གྲྭ་བཅས་ཀྱིས་དག་ཐེར་བཅོས་བསྒྱུར་བྱ་བ་བཟང་བོར་སྒྲུབ་པའི་བཞུགས་མོལ་ཚོགས་འདུར་ཞུགས་པ།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-19 11:41

刘云山出席部委企业高校深化整改工作座谈会并讲话.jpg

    ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་པེ་ཅིན་ནས་པུའུ་དང་ཨུ་ཡོན་ལྷན་ཁང་། ཁེ་ལས། མཐོ་རིམ་སློབ་གྲྭ་བཅས་ཀྱིས་དག་ཐེར་བཅོས་བསྒྱུར་བྱ་བ་བཟང་བོར་སྒྲུབ་པའི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་ཚེས་བཅོ་བརྒྱད་ཉིན་པུའུ་དང་ཨུ་ཡོན་ལྷན་ཁང་། ཁེ་ལས། མཐོ་རིམ་སློབ་གྲྭ་བཅས་ཀྱིས་དག་ཐེར་བཅོས་བསྒྱུར་བྱ་བ་བཟང་བོར་སྒྲུབ་པའི་བཞུགས་མོལ་ཚོགས་འདུའི་སྟེང་ནན་གྱིས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཛུབ་སྟོན་གལ་ཆེན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། ཚད་གཞི་མཐོ་ཞིང་སྤུས་ཚད་བཟང་བའི་སྒོས་ནས་དག་ཐེར་བཅོས་བསྒྱུར་བྱ་བ་བཟང་བོར་བསྒྲུབ་སྟེ། མང་ཚོགས་རྣམས་ཀྱིས་དུས་རྒྱུན་ཏུ་ཀུན་སྤྱོད་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་བ་མཐོང་དུ་འཇུག་དགོས་ཟེར།

    བཞུགས་མོལ་ཚོགས་འདུའི་སྟེང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་། སློབ་གསོ་པུའུ། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཡོངས་སྤྱིའི་བཟོ་ཚོགས། ཀྲུང་གོ་ཞིང་ལས་དངུལ་ཁང་། ཀྲུང་གོ་ཨར་ལས་བཟོ་སྐྲུན་སྤྱིའི་ཀུང་ཟི། ཐེན་ཅིན་སློབ་གྲྭ་ཆེན་མོ་བཅས་ལས་ཁུངས་བརྒྱད་ཀྱི་འགན་ཁུར་བློ་མཐུན་གྱིས་ཚོགས་ཐོག་ཏུ་གཏམ་བཤད། ཚང་མས་སྐོར་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་དག་ཐེར་བཅོས་བསྒྱུར་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་མོད། འོན་ཀྱང་ཀྲུང་དབྱང་གི་རེ་བ་དང་མང་ཚོགས་ཀྱི་རེ་སྒུག་བར་ད་རུང་ཁྱད་པར་ཡོད་པས། དག་ཐེར་བཅོས་བསྒྱུར་བྱ་བ་མུ་མཐུད་དུ་དམ་འཛིན་དང་ལེགས་འཛིན་བྱེད་དགོས་ཞེས་བཤད།

    ལིག་ཡུན་ཧྲན་གྱིས་ཚང་མའི་གཏམ་བཤད་ལ་ཉན་རྗེས་བཤད་རྒྱུར། སྐོར་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་ཞུགས་པའི་ལས་ཁུངས་ཀྱིས་གཟབ་ནན་གསུམ་དང་དངོས་གཉེར་གསུམ་གྱི་རེ་བ་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། ཀྲུང་དབྱང་གི་ཆོད་དོན་ལྟར་དག་ཐེར་བཅོས་བསྒྱུར་བྱེད་པ་དང་། ཀྲུང་དབྱང་གི་ཆོད་དོན་ཇི་མ་ཇི་བཞིན་དུ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ལ། ཁས་བླངས་པའི་དོན་དག་ཚང་མ་ལྟར་དག་ཐེར་བཅོས་བསྒྱུར་བྱེད་དགོས་པར་མ་ཟད། སྔོན་ཐོན་དཔེ་མིག་གི་ཚད་གཞི་ལྟར་དག་ཐེར་བཅོས་བསྒྱུར་བྱ་བ་བཟང་བོར་བསྒྲུབ་སྟེ། བཅོས་བསྒྱུར་དག་ཐེག་བྱེད་པའི་སྟོབས་ཤུགས་ཇེ་ཆེར་གཏོང་དགོས་ཟེར།

    ལིག་ཡུན་ཧྲན་གྱིས་ནན་གྱིས་གསུངས་རྒྱུར། ལས་ཁུངས་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོས་དག་ཐེར་བཅོས་བསྒྱུར་བྱ་བ་བཟང་བོར་བསྒྲུབ་སྟེ། སྲིད་ཇུས་སྣ་ཚོགས་ལག་བསྟར་བྱེད་པ་དང། རྩ་ལག་མཉམ་བཅོས་བྱས་ནས། དག་ཐེར་བཅོས་བསྒྱུར་བྱ་བ་བཟང་བོར་སྒྲུབ་དགོས་པར་མ་ཟད། དག་ཐེར་བཅོས་བསྒྱུར་བྱ་བ་དེས་དཀྱིལ་སྙིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབ་སྟེ། ཕྱོགས་གཉིས་ནས་འཛིན་པ་དང་ཕྱོགས་གཉིས་ལ་སྐུལ་འདེད་གཏོང་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག