མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ལས་གཞི་ལག་བསྟར་བྱས་ཏེ་ལོ་ལྔ་ཕྱིན་པ།

རྩོམ་པ་པོ། ཚེ་འཛིན་དབང་མོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-19 11:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཐོ་རིམ་སློབ་གྲྭར་ཤེས་ལྡན་མི་སྣ་ཡོད་པ་དང་། ཞིབ་འཇུག་ཁང་ལ་ལག་རྩལ་ཡོད་ལ། ཁེ་ལས་ཀྱིས་ཁྲོམ་རའི་འགྲོ་ལུགས་ཤེས་ཀྱི་ཡོད། ཡིན་ནའང་གང་འདྲ་བྱས་ཏེ་ཕྱོགས་གསུམ་པོ་དེ་དག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་གྲུབ་འབྲས་གང་མགྱོགས་ནུས་པར་བསྒྱུར་བ་དང་། ཁྲོམ་རར་དེ་བས་འགྲན་རྩོད་ནུས་པ་ལྡན་པ་བྱེད་དགོས་སམ་ཞེས་ན། ལོ་ལྔའི་རིང་། ཚན་རྩལ་པུས་པུའུ་དང་ཨུ་ཡོན་ལྷན་ཁང་དྲུག་དང་མཉམ་འབྲེལ་ཐོག་རྒྱལ་ཁབ་ལག་རྩལ་གསར་གཏོད་ལས་གཞི་ཞེས་པ་ལག་བསྟར་བྱས་ཏེ། ཐོན་སྐྱེད་དང་། སློབ་སྦྱོང་། ཞིབ་འཇུག་བཅས་གསུམ་གྱི་གསར་གཏོད་མནའ་འབྲེལ་146བཙུགས་པ་དང་། ཚོད་ལྟ་ཁང་དང་ཁྲོམ་རའི་བར་རོགས་རེས་གསར་གཏོད་ཀྱི་ལམ་བུ་གསར་པ་ཞིག་བཏིང་ཡོད།

ལོ་བཅུའི་གོང་། ཨ་རི་ནས་རྒྱལ་ནང་དུ་བྱ་གཞག་གཏོད་པར་ཡོང་བའི་ཏེང་སླད་མིང་གིས་ཞིབ་འཇུག་གསར་སྤེལ་ཚོགས་པའི་སྣེ་ཁྲིད་དེ་ལོ་བཅུའི་ནང་འཛམ་གླིང་གི་ཨང་གསུམ་པ་དང་། རྒྱལ་ནང་གི་ཨང་དང་པོ་ཡིན་པའི་འདུས་རྡུལ་ཆུང་བའི་དམིགས་འབེན་སྐྲན་འགོག་སྨན་ཞེས་པ་ཞིབ་འཇུག་གསར་སྤེལ་བྱས་ཡོད། མིག་སྔར་རྒྱལ་ཡོངས་ཀྱི་སྨན་ཁང་བརྒྱ་ཙམ་གྱིས་སྨན་དེ་ཉོ་སྒྲུབ་བྱས་ཡོད་པ་དང་། སྨན་གསར་པ་བཏོན་པ་དེས་རིགས་གཅིག་པའི་སྨན་རྫས་ཀྱི་རིན་གོང་གསུམ་ཆ་གཅིག་ཆག་ཡོད་ཅིང་། དུས་ཕྱིའི་གློ་བའི་སྐྲན་ནད་ཕོག་པའི་ནད་པ་བཞི་ཁྲི་ལྷག་ཙམ་གྱིས་སྨན་དེ་བེད་སྤྱོད་བྱེད་ཀྱི་ཡོད། གལ་ཆེའི་སྨན་རྫས་གསར་པ་ཞིབ་བཟོ་ཞེས་པ་ནི་རྒྱལ་ནང་གི་སྨན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་ལ་ཟུར་སྐྱོར་བྱེད་པའི་ཚན་རྩལ་འཆར་གཞི་ཆེ་གྲས་ཤིག་ཡིན་པ་དང་། སྤྱི་ལོ་2013ལོའི་ལོ་མཇུག་བར། རང་རྒྱལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་རིང་། གལ་ཆེའི་སྨན་རྫས་གསར་པ་ཞིབ་བཟོ་ཞེས་པའི་ཚན་རྩལ་ཆེད་དོན་ནང་སྨན་རྫས་གསར་པ་རིགས་70ལྷག་ཐོན་ཡོད་པ་དང་། ཐད་ཀའི་དཔལ་འབྱོར་ཕན་འབྲས་ཐོན་ཚད་སྒོར་དུང་ཕྱུར་800ཟིན་ཡོད་པ་རེད།

ཁྲོམ་ར་ཡོད་ཀྱང་ལག་རྩལ་མི་འདང་བའི་ཁེ་ལས་གཉེར་སྐྱོང་མཁན་ལ་ཡང་ཚོད་ལྟ་ཁང་གིས་འགག་རྩའི་ལག་རྩལ་ཐད་རོགས་རམ་བྱེད་ཀྱི་ཡོད། ཀྲུང་གོ་གློག་ཤུགས་མ་འཇོག་ཡོན་ད་ཁོར་ཡུག་སྲུང་སྐྱོབ་ལས་གྲྭ་ཀུང་སིས་ཆེད་མངགས་རྡོ་སོལ་འབར་རྒྱུའི་བཟོ་གྲྭས་བེད་སྤྱོད་བྱེད་པའི་གློག་ཤུགས་རྡུལ་འཐེན་སྒྲིག་ཆས་ཤིག་ཞིབ་བཟོ་བྱས་ཡོད་པ་དང་། སྒྲིག་ཆས་དེས་PM2.5འབུད་བཤངས་བྱེད་ཚད་བརྒྱ་ཆ་60ནས་80བར་ཉུང་དུ་གཏོང་ཐུབ་ཀྱི་ཡོད། ཡིན་ནའང་ཁོང་ཚོས་བརྟག་དཔྱད་ཚད་ལེན་གྱི་གྲངས་གཞི་ཁག་བར་ཧེ་བག་ཧ་ཅང་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད།

མནའ་འབྲེལ་གྱི་ཁོངས་མིས་རོགས་རེས་བྱས་ཏེ་ལག་རྩལ་འགག་གཏོར་བྱས་རྗེས། ཡོན་ད་ཀུང་སིའི་རྡུལ་འཐེན་སྒྲིག་ཆས་ཀྱི་ནུས་པ་བརྟག་དཔྱད་ཚད་ལེན་ཡང་དག་ཚད་ལྡབ་བརྒྱ་མཐོ་རུ་ཕྱིན་པ་དང་། མགྱོགས་མྱུར་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད། ལོ་ལྔའི་རིང་། ཚན་རྩལ་པུས་རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་ཐོག་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་ལས་གཞི་ལག་བསྟར་བྱས་ཏེ། མིག་སྔར་གསར་གཏོད་མནའ་འབྲེལ་146བཙུགས་ཟིན་པ་དང་། ཁེ་ལས་འབྲིང་ཆུང་དང་། མཐོ་རིམ་སློབ་གྲྭ ཚན་ཞིབ་ཁང་བཅས་ལྔ་སྟོང་ལྷག་སྒྲིག་འཛུགས་བྱས་ཏེ་གལ་ཆེའི་ལག་རྩལ་མཉམ་འབྲེལ་ཐོག་འགག་གཏོར་ཐུབ་པ་བྱས་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག