མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧན་གོའི་གྲུ་གཟིངས་རྒྱ་མཚོར་ནུབ་པའི་དོན་རྐྱེན་ལས་མི་སྣ་ཤི་རྨས་བྱུང་བ་དང་གར་སོང་མ་ཤེས་པའི་ཐད་ནས་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-18 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས17ཉིན་ཧན་གོའི་གྲུ་གཟིངས་རྒྱ་མཚོར་ནུབ་པའི་དོན་རྐྱེན་ལས་མི་སྣ་ཤི་རྨས་དང་གར་སོང་མ་ཤེས་པའི་ཐད་ནས་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

འཚམས་འདྲིའི་གློག་འཕྲིན་ནང་གསུངས་རྒྱུར། ཧན་གོའི་གྲུ་གཟིངས་རྒྱ་མཚོར་ནུབ་པའི་དོན་རྐྱེན་ལས་མི་གང་མང་ཤི་རྨས་དང་གར་སོང་མ་ཤེས་པ་དང་ལྷག་པར་དུ་དེའི་ཁྲོད་ན་གཞོན་སློབ་མ་མང་པོ་ཡོད་པ་རྟོགས་རྗེས་ཧ་ཅང་ཡིད་སྐྱོ་བ་ཞིག་རེད། བདག་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་པར་མ་ཟད་རང་ཉིད་ཀྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་བ་རྣམས་ལ་མྱ་ངན་ཞུས་པ་དང་རྐྱེན་ལམ་དུ་ཤོར་བ་དང་གར་སོང་མ་ཤེས་པའི་ཁྱིམ་མི་དང་རྨས་མ་རྣམས་ལ་བརྩེ་བའི་འཚམས་འདྲི་ཞུས་པ་ཡིན། ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་ལ་མཛའ་བཤེས་ཟབ་མོ་ཆགས་ཡོད་ལ། བདག་གིས་དོན་དེར་ཧ་ཅང་ཡིད་འཇོག་བྱེད་ཀྱིན་ཡོད་པ་དང་ཀྲུང་གོ་ཕྱོགས་ཀྱིས་དུས་ངེས་མེད་དུ་ཧན་གོ་ཕྱོགས་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་རམ་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྱང་ཚེས་བཅུ་བདུན་ཉིན་ཧན་གོའི་གྲུ་གཟིངས་རྒྱ་མཚོར་ནུབ་པའི་དོན་རྐྱེན་ལས་མི་གང་མང་ཤི་རྨས་དང་གར་སོང་མ་ཤེས་པའི་ཐད་ནས་ཧན་གོའི་ཙུང་ལི་ཀྲིན་ཧོང་ཡོན་ལ་འཚམས་འདྲིའི་གློག་འཕྲིན་བཏང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག