མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-17 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ4བའི་ཚེས16ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ད་ལོའི་དུས་ཚིགས་དང་པོའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་། 2014ལོའི་དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་བྱ་བའི་ལས་འགན་གཙོ་བོ་ལག་བསྟར་བྱེད་རྒྱུར་བཀོད་སྒྲིག་བྱས་པར་མ་ཟད། དངུལ་ལོར་བྱ་བས་ཞིང་གསུམ་འཕེལ་རྒྱས་ལ་ཞབས་ཕྱི་སྒྲུབ་པའི་བྱེད་ཐབས་གཏན་ལ་ཕབ་སྟེ། ལས་སྤེལ་ལས་ཞུགས་ལ་རོགས་སྐྱོར་བྱེད་པའི་ཁྲལ་བསྡུ་སྲིད་ཇུས་ལག་བསྟར་བྱེད་ཡུན་མུ་མཐུད་དུ་ཇེ་རིང་དུ་གཏོང་བ་དང་འཐུས་ཚང་དུ་གཏོང་རྒྱུ་ཐག་བཅད།

གྲོས་ཚོགས་སྟེང་བལྟས་ན། ད་ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་བརྟན་འཇགས་ཡིན་ལ། དཔལ་འབྱོར་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་། ལས་ཞུགས། དངོས་གོང་བཅས་དཔལ་འབྱོར་དམིགས་ཚད་གཙོ་བོ་ལོ་འཁོར་སྔོན་དཔག་དམིགས་འབེན་གྱི་ཁྱབ་ཁོངས་སུ་གནས་ཡོད་ལ། དཔལ་འབྱོར་རྒྱུན་མཐུད་དང་ལུགས་མཐུན་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པར་སྙམ།

གྲོས་ཚོགས་སྟེང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི2014ལོའི་དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་ལས་འགན་གཙོ་བོའི་སྐོར་གྱི་ཡར་ཞུར་ཉན། ཚོགས་ཐོག་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལྟར། བཅོས་བསྒྱུར་དེ་སྲིད་གཞུང་བྱ་བའི་ཕྱོགས་སོ་སོར་སྦྲེལ་དགོས་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོར་སྦྲེལ་དགོས་པར་མ་ཟད། ཕྱོགས་སོ་སོའི་རྒྱུ་རྐྱེན་བཟང་བོ་སྐུལ་སློང་གང་ལེགས་བྱས་ཏེ། ཕྱོགས་ཡོངས་དང་གོ་རིམ་ལྡན་པ། མཐུན་སྦྱོར་བཅས་ཀྱི་སྒོ་ནས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་དགོས་ཟེར།

གྲོས་ཚོགས་སྟེང་བསྟན་དོན། སྲིད་གཞུང་བྱ་བའི་སྙན་ཞུ་ལས་བཏོན་པའི་ཞིང་གསུམ་གནད་དོན་ཐག་གཅོད་བཟང་བོ་བྱེད་རྒྱུ་དེ་བྱ་བ་ཡོངས་ཀྱི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཏུ་བརྩི་དགོས་པའི་རེ་བ་ལྟར། དངུལ་ལོར་བཅོས་བསྒྱུར་དང་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། དངུལ་ལོར་གྱིས་ཞིང་གསུམ་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པར་ཤུགས་སྣོན་པ་དེ་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་པར་ཤུགས་སྣོན་པ་དང་། དེང་རབས་ཞིང་ལས་འཛུགས་སྐྲུན་བྱེད་པ། ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བ། མཁར་གྲོང་གི་ཁྱད་པར་ཇེ་ཆུང་དུ་གཏོང་བ་བཅས་ཐད་ལ་དོན་སྙིང་གལ་ཆེན་ལྡན་ཟེར།

གྲོས་ཚོགས་སྟེང2013ལོའི་ལོ་མཇུག་ཏུ་གཏན་ལ་ཕབ་པའི་ཚོགས་ཁག་གཙོ་བོར་རོགས་སྐྱོར་བྱེད་པའི་ལས་སྤེལ་ལས་ཞུགས་སྐོར་གྱི་ཁྲལ་བསྡུ་སྲིད་ཇུས་དེ་ལག་བསྟར་བྱེད་ཡུན2016ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བར་ཇེ་རིང་དུ་གཏོང་རྒྱུ་མ་ཟད། མུ་མཐུད་དུ་དེ་འཐུས་ཚང་དུ་གཏོང་རྒྱུ་ཐག་བཅད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག