མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཧོ་ནན་དུ་གྱོད་གཞི་ཚང་མ་ངེས་པར་དུ་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་ བྱེད་དགོས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-04-16 10:31

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲིམས་འཛིན་ལག་ལེན་ཁྲོད་ཁྲིམས་དཔོན་ལ་ལས་གཞུང་ལས་ཁང་དུ་དོ་བདག་ལ་ཡིག་ཆ་ཀློག་པ་དང་།ལ་ལས་དོ་བདག་རང་ངོས་ལ་ལྟ་རུ་འཇུག་པ།ཐ་ན་ལ་ལས་སྐྱེལ་སྤྲོད་འཕྲོད་འཛིན་ཐོག་སྔོན་དུ་མིང་རྟགས་བཀོད་རྗེས་གཞི་ནས་ཁྲུན་གཅོད་བྱས་འབྲས་ཤོད་པ་དང་ཡིག་ཆ་སྤྲོད་པ་སོགས་བྱེད་ཀྱི་ཡོད།སླད་ཕྱིན་སྒྲིག་འགལ་བྱེད་སྤྱོད་དེ་རིགས་ཧོ་ནན་དུ་བཀག་འགོག་བྱ་རྒྱུ་རེད།ཧོ་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཉེ་དུས་གཏན་འབེབས་བཏོན་ནས་གྱོད་གཞི་ཚང་མ་ངེས་པར་དུ་ཡོངས་བསྒྲགས་བཅད་ཁྲ་ཁྱབ་བསྒྲགས་བྱས་ནས་ཁྲིམས་འཛིན་དབང་གྲགས་བཏོད་པ་དང་།སྤྱི་དམངས་ཀྱི་གནས་ཚུལ་ཤེས་དབང་སྐོང་དགོས་པའི་བླང་བྱ་བཏོན་པ་རེད།

    ཧོ་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ལས་རོགས་ཝང་ཧྲའོ་ཧྭ་ཡིས།ཁྲིམས་དཔོན་ལ་ལས་བཅད་ཁྲ་ཁྱབ་བསྒྲགས་བྱེད་པར་ད་དུང་ཁྲིམས་ར་འཚོག་དགོས་པ་དང་།དེར་དུས་ཡུན་རིང་པོ་འགོར་བ་མ་ཟད།ནུས་པའང་ཆེན་པོ་འདོན་དགོས་ཁར།ཉེས་དོན་གྱོད་གཞིར་ཁྲིམས་ར་འཚོག་པར་ད་དུང་གཞུང་གཏུག་པར་མཐུན་སྦྱོར་བྱས་ནས་ཁྲིམས་རར་ཡོང་དགོས་པ་དང་།ལྷག་པར་དུ་ཉེས་དོན་གྱོད་གཞི་ཆེ་གྲས་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱེད་པར་ཁྲིམས་འཛིན་ཉེན་རྟོག་པ་འབོར་ཆེན་སྐོང་འཐེན་དང་།ཐ་ན་ལ་ལར་སྤྱི་བདེ་སྡེ་ཚན་གྱིས་གཞོགས་འདེགས་ཀྱང་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།ངོས་འཛིན་རབ་རིབ་དེ་དག་དང་དཀའ་ངལ་ལ་སྐྲག་པའི་བསམ་ཚུལ་དེ་དག་གིས་ཁྲིམས་འཛིན་ལག་ལེན་ཁྲོད་སྐྱེལ་སྤྲོད་གོ་རིམ་གྱིས་བཅད་ཁྲ་ཁྱབ་བསྒྲགས་གོ་རིམ་གྱི་ཚབ་བྱེད་པའི་བྱེད་སྟངས་ཡོངས་ཁྱབ་ངང་གནས་ཡོད་ཅེས་བཤད་པ་རེད།

    “མང་ཚོགས་ཁག་གཅིག་གིས་དོ་སྣང་ཆེན་པོ་བྱེད་པ་དང་།སྤྱི་ཚོགས་ཐོག་ཤུགས་རྐྱེན་ཆེ་བའི་གྱོད་གཞི་དཔེར་ན‘ཤ་སྣག་སྐྱེ་སྨན’གྱོད་གཞི་དང་བུ་རྫིས་ལག་ཐོགས་ཁ་པར་རྐུ་ཁྱེར་སོགས་ཁྲིམས་རར་འདྲི་གཅོད་གྲུབ་རྗེས།མི་དམངས་མང་ཚོགས་ཀྱིས་ཁྲུན་གཅོད་བྱས་འབྲས་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།གལ་སྲིད་ཡོངས་བསྒྲགས་བཅད་ཁྲ་ཁྱབ་བསྒྲགས་མ་བྱས་ཚེ་སྤྱི་དམངས་ཀྱིས་གྱོད་གཞིའི་ཁྲུན་གཅོད་བྱས་འབྲས་དུས་ཐོག་ཏུ་ཤེས་རྟོགས་མི་ཐུབ་པ་མ་ཟད།མི་དམངས་ཁྲིམས་ཁང་ལ་དོགས་པ་ཟ་སླ་བ་དང་ཡིད་ཆེས་ཆུང་དུ་ཕྱིན་ནས།ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་མཐོ་རུ་འགྲོ་རྒྱུར་ཕན་ཐོགས་མེད”ཅེས་ཝང་ཧྲའོ་ཧྭ་ཡིས་བཤད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག