མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

འབྱུང་འགྱུར་རང་རྒྱལ་གྱིས་གྲོང་མིའི་ཆ་འཕྲིན་མ་འཇོག་དང་འཛད་སྤྱོད་གཙོ་ཕྱོགས་གཙིགས་ཆེར་འཛིན་ནས་སྐྱེད་སྲིང་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-16 09:51

    ཤིན་ཧྭ་གསར་འགྱུར་ཁང་ཧྲེན་ཀྲེན་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་10ཉིན་བཟོ་ལས་དང་ཆ་འཕྲིན་པུའི་པུའུ་ཀྲང་གཞོན་པ་ལིའུ་ལི་ཧྭ་ཡིས་སླད་ཕྱིན་དུས་སྐབས་ཤིག་རིང་རང་རྒྱལ་གྱིས་གྲོང་མིའི་ཆ་འཕྲིན་མ་འཇོག་དང་འཛད་སྤྱོད་གཙོ་ཕྱོགས་གཙིགས་ཆེར་འཛིན་ནས་སྐྱེད་སྲིང་བྱས་ཏེ་གློག་རྡུལ་ཚོང་དོན་དང་། དངོས་རྫས་མཉམ་འབྲེལ་དྲ་བ། གྲངས་འཛིན་ཁྱིམ་ཚང་སོགས་འཕེལ་རྒྱས་མགྱོགས་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

    ལིའུ་ལི་ཧྭ་ཡིས་2014ལོའི་སྐབས་གཉིས་པའི་ཀྲུང་གོའི་གློག་རྡུལ་ཆ་འཕྲིན་སྟོན་ཚོགས་ཐོག་རང་རྒྱལ་གྱིས“དྲ་ཆེན་ཀྲུང་གོ”ཡི་ལས་གྲྭ་ལག་བསྟར་མགྱོགས་པོ་བྱས་ཏེ་གོམ་སྟབས་རྗེས་མའི་ཨིན་འབྲེལ་དྲ་རྒྱ་གཞི་རྒྱ་ཆེན་པོས་ཚོང་དོན་ཐད་སྤྱོད་རྒྱུ་དང་མདུན་ཕྱོགས་སུ་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། དྲ་ཆེན་སྦྲེལ་མཐུད་དང་། སྒུལ་བདེའི་ཨིན་འབྲེལ་དྲ་རྒྱ། IPTV ལག་ཐོགས་ཁ་པར་གྱི་བརྙན་འཕྲིན་སོགས་མཉམ་འདྲེས་རང་བཞིན་གྱི་ཞབས་ཞུ་འཕེལ་རྒྱས་ཧུར་ཐག་གཏོང་རྒྱུ། ངོས་སྙོམས་གློག་ཀླད་དང་། རིག་ལྡན་ལག་ཐོགས་ཁ་པར། རིག་ལྡན་བརྙན་འཕྲིན་སོགས་མཐའ་མཇུག་འཛད་སྤྱོད་ལ་སྐུལ་ཁྲིད་བྱ་རྒྱུ་བཅས་ཡིན་ཞེས་གསུངས་པ་རེད།

    ལིའུ་ལི་ཧྭ་ཡིས་སྐབས་དེའི་སྟོན་ཚོགས་ཀྱི་གླེང་སྟེགས་གཙོ་བོ་སྟེ“སྐབས་གསར་པའི་ཆ་འཕྲིན་ལག་རྩལ་ཐོན་ལས་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས”ཐོག་འབྱུང་འགྱུར་ལོ་ཤས་རིང་ཆ་འཕྲིན་ལག་རྩལ་བེད་སྤྱོད་བྱ་རྒྱུ་དང་ཡོངས་སུ་ཁྱབ་པར་བྱ་རྒྱུར་དུས་ཚོད་དམ་འཛིན་གྱིས་སྐུལ་འདེད་བཏང་སྟེ་ཁྲོམ་རའི་བར་མཐོངས་ཆེ་རུ་གཏོང་བ་དང་། དེང་རབས་ཅན་གྱི་ཆ་འཕྲིན་ལག་རྩལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ། དེ་བཞིན་ཆ་འཕྲིན་ཅན་དང་བཟོ་ལས་ཅན་གཉིས་མཉམ་འདྲེས་ཟབ་མོ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་དཔལ་འབྱོར་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་ཕྱིར་བསྒྲགས་གནང་བ་རེད།

    སྐབས་དེའི་སྟོན་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི“ཆ་འཕྲིན་འཛད་སྤྱོད་རྒྱ་ཆེར་གཏོང་། ཕྱོགས་སྒྱུར་རིམ་སྤོར་སྣེ་འདྲེན་བྱེད”ཅེས་པ་དེ་ཡིན་པ་དང་། འགྲེམས་སྟོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་10ཟིན་པ། འགྲེམས་ཞུགས་ཚོང་དུད་1500ལྷག་ཙམ་ཟིན་པའི་ནང་ཕྱི་རྒྱལ་གྱི་འགྲེམས་ཞུགས་ཚོང་དུད་ཀྱིས་15%ལྷག་ཙམ་ཟིན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག