མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས“འཆལ་རྡུང་ལོག་སེལ”ལས་དོན་ཚོགས་ཆུང་གཞུང་དོན་ཁང་སོགས་ཀྱིས་མཉམ་འབྲེལ་ཐོག《དྲ་ཐོག་གི་གཡེམ་སྦྱོར་ཆགས་སྲེད་ཆ་འཕྲིན་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》འགྲེམས་སྤེལ་བྱས་པ།

ཀྲུང་དབྱང་སྨྱན་སྦྱོར་ཚན་པའི་ས་ཚིགས་18ཀྱིས་གཡེམ་སྦྱོར་ཆགས་སྲེད་ཆ་འཕྲིན་བཀག་འགོག་བྱ་རྒྱུའི་ཁས་ལེན་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-16 09:51

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་རྒྱལ་ཡོངས“འཆལ་རྡུང་ལོག་སེལ”ལས་དོན་ཚོགས་ཆུང་གཞུང་དོན་ཁང་དང་། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག《དྲ་ཐོག་གི་གཡེམ་སྦྱོར་ཆགས་སྲེད་ཆ་འཕྲིན་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》འགྲེམས་སྤེལ་བྱས་པ་རེད།

    སྤྱི་བསྒྲགས་འགྲེམས་སྤེལ་བྱས་རྗེས་མི་དམངས་ཉིན་རེའི་ཚགས་པར་ཁང་དང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་སོགས་ཀྲུང་དབྱང་གསར་འགྱུར་ཚན་པ་དང་དེ་བཞིན་ཚན་པ་དེ་དག་གིས་གཉེར་བའི་དྲ་ཚིགས་18ཀྱིས་འཕྲལ་དུ་ཆེད་དོན་བྱ་སྤྱོད་ཀྱི་བླང་བྱ་དང་ལེན་ཞུས་ནས་རང་བཤེར་རང་བཅོས་ནན་ཏན་གྱིས་དྲ་ངོས་ཀྱི་མངོན་གསལ་དོད་པའི་གནས་སུ“སྤྱི་བསྒྲགས”སྤེལ་བ་དང་། “གསལ་བཤད”བྱེད་པ། “དྲ་གྲོགས་ལ་ཕུལ་བ”སོགས་ཀྱི་བྱ་ཐབས་ནུས་ལྡན་སྤྱད་དེ་དྲ་ཐོག་གི་གཡེམ་སྦྱོར་ཆགས་སྲེད་ཆ་འཕྲིན་བཀག་འགོག་བྱ་རྒྱུའི་རྣམ་འགྱུར་བསྟན་པ་དང་དུས་མཚུངས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པའི་ཐབས་ལམ་ཁྱབ་བསྒྲགས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཆེད་དོན་བྱ་སྤྱོད་སྤེལ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་པ་རེད།

    འོད་གསལ་དྲ་བའི་སྤྱི་འདོམས་པ་གཞོན་པ་ཁྲེན་ཅན་ཏུང་གིས་འོད་གསལ་དྲ་བས་ཆེད་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ལེ་ཚན་ཚང་མའི་ནང་དོན་གྲལ་བཤེར་བྱས་ཡོད། ཀྲུང་དབྱང་གསར་འགྱུར་དྲ་ཚིགས་ཀྱི་སྣེ་ཁྲིད་པ་ཡིན་པའི་འོད་གསལ་དྲ་བས་ཆེད་དོན་བྱ་སྤྱོད་ཀྱི་བླང་བྱ་དང་ལེན་ཧུར་ཐག་ཞུས་ནས་རྒྱལ་ཁབ་དང་། སྤྱི་ཚོགས། དྲ་དམངས་བཅས་ལ་འགན་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས་དྲ་ཐོག་ནང་དོན་གྱི་སྤུས་ཚད་ནན་པོ་སྲུང་བ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་ལེགས་པར་སྒྲུབ་པ། གཡེམ་སྦྱོར་ཆགས་སྲེད་ཆ་འཕྲིན་བརྒྱུད་གཏོང་ལ་ཆ་རྐྱེན་ཐབས་ལམ་མཁོ་འདོན་མི་བྱེད་པ་བཅས་བྱས་ནས་དྲ་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་དང་ལྷག་དོན་དུ་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཤིན་ཧྭ་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དབྱང་ཤིན་ཧྭ་ཡིས་ང་ཚོ་ཤིན་ཧྭ་དྲ་བས་དེ་བས་ནན་པའི་དོ་དམ་ཚོད་འཛིན་གྱི་བྱ་ཐབས་སྤྱད་དེ་སྔར་ལས་ལྷག་པའི་ངང་ཆ་འཕྲིན་བདེ་འཇགས་དོ་དམ་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། ནང་དོན་དང་ཞིབ་བཤེར་གཏན་འཁེལ་གྱི་འགག་སྒོ་ནན་སྲུང་། ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་དུས་མཚུངས་གནོད་ཡོད་ཆ་འཕྲིན་བརྒྱུད་གཏོང་ཐབས་ལམ་འགོག་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བཅས་བྱས་ཏེ་ཆགས་སྲེད་ཆ་འཕྲིན“ཉེན་གཏོང་ཡོ་ཆས”དང“བདེ་འཇགས་འགག་སྒོ”བསྒར་ནས་སྔོན་འགོག་བྱེད་པ་དང་། ཡིག་རིགས་དང་། པར་རིས། བརྙན་ལམ་སོགས་རྣམ་པ་གང་རུང་དང་། PCཡོ་ཆས། སྒུལ་བདེའི་དྲ་སྦྲེལ་སྟེགས་བུ། གསར་འགྱུར་ཆ་འཕྲིན། དྲ་རྒྱའི་བརྡ་ཁྱབ། བཅར་འདྲི་དང་རྩོམ་སྒྲིག་མི་སྣས་འགྲེམས་སྤེལ་དང་དྲ་ཐོག་ཏུ་བརྒྱུད་གཏོང་བཅས་གང་རུང་དུ་གཡེམ་སྦྱོར་ཆགས་སྲེད་ཆ་འཕྲིན་བརྒྱུད་གཏོང་བཀག་འགོག་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    དྭངས་གཙང་གི་དྲ་བའི་ཁོར་ཡུག་ཅིག་གཏོད་པར་དྲ་ཚིགས་འཛུགས་གཉེར་བྱེད་མཁན་དང་རྒྱ་ཆེའི་དྲ་གྲོགས་ཚོས་མཉམ་དུ་འབད་བརྩོན་བྱེད་དགོས་ཤིང་། ཀྲུང་དབྱང་སྨྱན་སྦྱོར་ཚན་པའི་དྲ་ཚིགས་ཁག་གིས་དྲ་གྲོགས་ཚོར་རྒྱ་ཆེའི་དྲ་གྲོགས་ཚོ་དང་མཉམ་དུ་དྲ་སྦྲེལ་སྤྱད་དེ་གཡེམ་སྦྱོར་ཆགས་སྲེད་ཀྱི་ཆ་འཕྲིན་དང་མ་རབས་ཐ་ཤལ་གྱི་ཆ་འཕྲིན་བརྒྱུད་གཏོང་བྱེད་སྤྱོད་བཀག་འགོག་གིས་དྲ་ཐོག་གི་བསམ་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་རྒྱུའི་འབོད་སྐུལ་བྱས་ཡོད་པ་རེད།

    (པ་ཚེས་བསྒྱུར། པ་ཚེ་དང་ཚེ་སྒྲོལ་གྱིས་ཞུས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག