མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏེ་ཅང་གིས་པ་ཞི་དམངས་གྲོས་ཁང་གི་གྲོས་དཔོན་དང་གྲོས་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-15 10:49

ཟླ4བའི་ཚེས14ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་པ་ཞི་དམངས་གྲོས་ཁང་གི་གྲོས་དཔོན་ཨ་ཨེར་བེ་སི་དང་གྲོས་མོལ་མཛད་པ།
ཟླ4བའི་ཚེས14ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་པ་ཞི་དམངས་གྲོས་ཁང་གི་གྲོས་དཔོན་ཨ་ཨེར་བེ་སི་དང་གྲོས་མོལ་མཛད་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས14ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་པ་ཞི་དམངས་གྲོས་ཁང་གི་གྲོས་དཔོན་ཨ་ཨེར་བེ་སི་དང་གྲོས་མོལ་མཛད།

ཀྲང་ཏེ་ཅང་གིས་གསུངས་རྒྱུར། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་པ་ཞི་དམངས་གྲོས་ཁང་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱིས་ཐེངས་འདིའི་གྲོས་མོལ་བྱས་པ་དང་བསྟུན་ནས། མཉམ་ལས་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་དགོས་པར་རེ་བ་བྱེད་ཀྱིན་ཡོད་ལ། གཅིག་ནི་རིམ་པ་སོ་སོའི་བར་གྱི་འགྲོ་འོང་ཇེ་དམ་དུ་བཏང་སྟེ། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་དམ་དུ་གཏོང་དགོས་པ་དང་། གཉིས་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་དང་། དམངས་འཚོ་ལེགས་བཅོས་བྱེད་པར་ཁག་ཐེག་བྱེད་པ། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་ཐད་ཀྱི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་བྱས་ཏེ། ཕན་ཚུན་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་དགོས། གསུམ་ནི་ཕྱོགས་གཉིས་བར་བཀོད་པའི་གྲོས་མཐུན་ཧུར་ཐག་ལག་བསྟར་བྱེད་དགོས། བཞི་ནི་ཕྱོགས་མང་པོའི་གྲོས་ཚོགས་ཀྱི་འཐབ་ཇུས་མཉམ་ལས་ཇེ་དམ་དུ་གཏོང་དགོས་པ་བཅས་ཡོད།

ཨ་ཨེར་བེ་སི་ཡིས་བཤད་རྒྱུར། པ་ཞི་དམངས་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་མཉམ་དུ་མགོ་ཁྲིད་པ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་། མཛའ་མཐུན་ཚན་ཆུང་བཅས་རིམ་པ་སོ་སོའི་བརྗེ་རེས་ཇེ་དམ་དུ་གཏོང་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གྲོས་ཁང་རྩ་འཛུགས་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་བསྣན་ཏེ། པ་ཞི་དང་ཀྲུང་གོ་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་འཇོག་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག