མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ན་ནིང་གཞི་ཁྱོན་ལྡན་པའི་བཟོ་ལས་དང་ཁེ་ལས་འབྲིང་ཆུང་གི་ཁེ་སྤོགས་དུས་མཚུངས་ལས་15.8%འཕར་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-04-15 10:26

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་12ཉིན་གློག་འཕྲིན་འབྱོར་གསལ།བཟོ་ལས་དང་ཆ་འཕྲིན་ཅན་པུའི་ཁེ་ལས་འབྲིང་ཆུང་སི་ཡི་སི་ཀྲང་གཞོན་པ་ཞུས་ཁོའོ་མིང་གིས་ཚེས་12ཉིན་2013ལོར་རང་རྒྱལ་གྱི་གཞི་ཁྱོན་ལྡན་པའི་བཟོ་ལས་དང་ཁེ་ལས་འབྲིང་ཆུང་གི་གཙོ་གཉེར་ལས་སྒོའི་ཡོང་འབབ་དུས་མཚུངས་ལས་13.9%འཕར་བ་དང་ཁེ་སྤོགས་དུས་མཚུངས་ལས་15.8%འཕར་ནས་ཁེ་ལས་འབྲིང་ཆུང་གི་གསོན་ཤུགས་དང་འགྲན་རྩོད་ཀྱི་ལེགས་ཆ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད་ཅེས་བཤད་པ་རེད།

    ཞུས་ཁོའོ་མིང་གིས་ཚེས་12ཉིན་འཚོགས་པའི་ཀྲུང་གོའི་ཁེ་ལས་འབྲིང་ཆུང་གི་ཞབས་ཞུ་གསར་གཏོད་ཀྱི་ཚོགས་ཆེན་སྐབས་གཉིས་པའི་ཐོག་གོང་གསལ་གྱི་སྐད་ཆ་དེ་བཤད་པ་རེད།གཉེར་སྐྱོང་ཡོང་འབབ་དང་ཁེ་སྤོགས་འཕར་བ་ཕུད་ཁེ་ལས་འབྲིང་ཆུང་གི་གཞི་ཁྱོན་ཡང་ཆེ་རུ་ཕྱིན་ཡོད་པ་རེད།ཞུས་ཁོའོ་མིང་གིས་2013ལོའི་ལོ་མཇུག་བར་རང་རྒྱལ་དུ་དངོས་ཡོད་ཁེ་ལས་དུད་ཚང་ཁྲི་1527.84ཡོད་པ་དེ་དུས་མཚུངས་ལས་11.80%འཕར་བའི་ནང་མང་ཆེ་བ་ནི་ཁེ་ལས་འབྲིང་ཆུང་ཡིན་པ་དང་སྒེར་གཉེར་ཚོང་དུད་ཁྲི་4436.29ཟིན་ཡོད་ཅེས་བཤད་པ་རེད།

    དུས་བབ་ལེགས་སུ་ཕྱིན་ཡང་མིག་སྔར་གྲངས་འབོར་དང་རྒྱ་ཁྱོན་ཆེ་བའི་ཁེ་ལས་འབྲིང་ཆུང་ལ་སྔར་བཞིན་མ་གནས་མཐོ་བའི་འགྲན་རྩོད་དང་ཁྲོམ་རའི་དགོས་མཁོ་མི་འདང་བ་སོགས་ཀྱི་རྒྱུ་རྐྱེན་གྱི་ཚོད་འཛིན་ཕོག་ཡོད།“ཁེ་ལས་འབྲིང་ཆུང་ལ་གསོན་ཤུགས་ཆེ་ཤོས་ལྡན་ཡོད་ལ་རོགས་སྐྱོར་ཡང་ཐོབ་དགོས་ཀྱི་རེད།ཁྲོམ་རས་ནུས་ལྡན་གྱི་ནུས་པ་འདོན་མི་ཐུབ་སྐབས་སྲིད་གཞུང་གིས་སྐབས་འཕྲལ་ངང་ནུས་པ་འདོན་རོགས་བྱས་ཏེ་ཁེ་ལས་ལ་མ་རྩ་མཉམ་འདྲེས་བྱེད་དཀའ་བ་དང་།མ་གནས་མཐོ་བ།དོ་དམ་ནུས་པ་ཉམས་ཞན་སོགས་ཀྱི་གནད་དོན་ཞི་ལྷོད་དུ་གཏོང་རོགས་བྱེད་དགོས།གདམ་ག་བྱེད་རོགས་དང་ཞབས་ཞུའི་སྒྲིག་གཞི་མཁོ་འདོན་བྱེད་པ་ནི་བྱ་ཐབས་ཀྱི་གྲས་ཤིག་རེད”ཅེས་ཀྲུང་གོའི་ཁེ་ལས་འབྲིང་ཆུང་རྒྱལ་སྤྱིའི་མཉམ་ལས་མཐུན་ཚོགས་ཀྱི་ལག་བསྟར་ཚོགས་གཙོ་གཞོན་པ་ལིའུ་ཡུས་ཕུའུ་ཡིས་ཚོགས་འདུའི་ཐོག་བཤད་པ་རེད།ཚོགས་འདུའི་ཐོག་ཀྲུང་གོའི་ཁེ་ལས་འབྲིང་ཆུང་གི་རྒྱལ་སྤྱིའི་མཉམ་ལས་མཐུན་ཚོགས་ཀྱིས་སྒྲིག་གཞི་མང་དག་ཅིག་དང་རིགས་གཅིག་མཁས་ཅན་དང་མཉམ་འབྲེལ་ཐོག་དཔྱད་ཞིབ་བྱས་ནས“2013ལོའི་ཀྲུང་གོའི་ཁེ་ལས་འབྲིང་ཆུང་གི་སྔོན་འདེམས་ཞབས་ཞུ་ཚོང་པའི”མཚམས་སྦྱོར་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད།ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་དང་ཀྲུང་གོ་མཉམ་འབྲེལ་དྲ་བའི་ཆ་འཕྲིན་ཚོགས་པ་ཚད་ཡོད་ཀུང་སི་སོགས་ཞབས་ཞུའི་སྒྲིག་གཞི་དང་ཞབས་ཞུའི་ཚོང་པ་39བདམས་ཐོན་བྱུང་ཞིང་།བདམས་ཐོན་བྱུང་བའི་ཞབས་ཞུའི་ཚོང་པས་ཆ་འཕྲིན་ཅན་དང་དངུལ་རྩ་སོགས་ཁྱབ་ཁོངས་མང་བའི་ཞབས་ཞུ་གསར་གཏོད་བྱས་པ་བརྒྱུད་ཁེ་ལས་འབྲིང་ཆུང་ལ་དེ་བས་ལྷག་བསམ་དང་སྤུས་ལེགས་ཀྱི་འཕེལ་རྒྱས་ཁོར་ཡུག་ཅིག་བཏོད་ནས་དེ་བས་རྒྱ་ཁྱབ་ཀྱི་སྟོབས་ཤུགས་གཅིག་སྡུད་དང་སྐུལ་ཁྲིད་བྱས་ཐོག་ཁེ་ལས་འབྲིང་ཆུང་ལ་དངོས་ཡོད་དཀའ་གནད་ཐག་གཅོད་བྱེད་རོགས་བྱས་ནས་རིགས་བསྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ་འགྲན་རྩོད་ཀྱི་ལེགས་ཆ་སྔར་བས་འདོན་སྤེལ་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག