མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནང་སོག་གིས“དཔྱིད་རླུང་བྱ་སྤྱོད”སྤེལ་བས་ཞིང་འབྲོག་པར་ཕན་པ་ཐོབ་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-15 09:59

    ཤིན་ཧྭ་གསར་འགྱུར་ཁང་ཧུའུ་ཧོ་ཧའོ་ཐེ་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། གསར་འགོད་པས་ནང་སོག་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱས་པར། འདི་ལོ“དཔྱིད་རླུང་བྱ་སྤྱོད”སྤེལ་ཚུན་ནང་སོག་གིས་ཆེད་དོན་གདན་ཞུའི་བྱེད་སྒོ་ཐེངས་233གཉེར་ནས་རིན་མེད་ངང་ཞིང་འབྲོག་ལས་མི་ཁྲི་23.5ལ་ལས་ཞུགས་ཞབས་ཞུ་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་གཉིས་པའི་ཟླ་སྟོད་ནས་བཟུང་ནང་སོག་གིས་སྔ་རྗེས་སུ་མོང་དང་གྲོང་ཁྱེར་དང་། ཆི་དང་རྫོང་ཁག་ཏུ“མཁོ་སྤྲོད་ལས་སྟེགས་གཏོད་དེ་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི“དཔྱིད་རླུང་བྱ་སྤྱོད”ཀྱི་ཆེད་དོན་བྱེད་སྒོ་སྤེལ་ནས་རིན་མེད་ངང་ཞིང་པ་ལས་མིར《ཞིང་པ་ལས་མི་གྲོང་ཁྱེར་དུ་ལས་ཞུགས་བྱེད་པའི་ཕྱོགས་སྟོན》དང《ཞིང་པ་ལས་མིའི་ཁེ་དབང་སྲུང་སྐྱོང་ལག་དེབ》སོགས་ཀྱི་དཔྱད་གཞིའི་ཡིག་ཆ་སྤྲད་པ་དང་རིན་མེད་ངང་ལས་ཞུགས་ཆ་འཕྲིན་དང་ལས་རིགས་མཛུབ་ཁྲིད་སོགས་ཀྱི་ཞབས་ཞུ་བྱས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག