མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཧེ་ནན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-14 11:20

李克强在海南考察1.jpg

ཟླ4བའི་ཚེས11ཉིན། ལིས་ཁི་ཆང་ཧེ་ཁུག་གྲོང་ཁྱེར་གྱི་བཟོ་ཚོང་ཅུའུ་ལ་ཕེབས་ཏེ་བྱ་བར་རྟོག་ཞིབ་མཛད།

李克强在海南考察2.jpg

 ཟླ4བའི་ཚེས11ཉིན། ལིས་ཁི་ཆང་ཧེ་ཁུག་གྲུ་ཁར་ཕེབས་ནས་འཕེལ་རྒྱས་འཆར་འགོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད་གྲུ་ཁའི་ལས་བཟོ་བ་དང་མཉམ་དུ་གླེང་མོལ་མཛད།

李克强在海南考察3.jpg

   ཟླ4བའི་ཚེས11ཉིན། ལིས་ཁི་ཆང་ལམ་འགྲམ་གྱི་ཚོང་ཁང་དུ་ཕེབས་ནས་ས་གནས་ཐོན་རྫས་ཀྱི་སྣ་ཁ་དང་ཕྱིར་ཚོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས10དང་ཚེས11ཉིན་གཉིས་ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་ལ་ཞུགས་རྗེས་ཧེ་ནན་ཞིང་ཆེན་གྱི་གཞི་རིམ་ལ་ཕེབས་ནས་བྱ་བར་རྟོག་ཞིབ་མཛད།

  ལིས་ཁི་ཆང་ཧེ་ཁུག་གྲོང་ཁྱེར་གྱི་བཟོ་ཚོང་ཅུའུ་ལ་ཕེབས་ཏེ་བཅོས་སྒྱུར་བྱེད་ཐབས་ལག་བསྟར་བྱས་རྗེས་མང་ཚོགས་ཀྱི་ལས་སྤེལ་སྤྲོ་སེམས་ཇེ་ཆེར་སོང་བ་དང་། ཟླ་གསུམ་པའི་ནང་གསར་དུ་མིང་ཐོ་བཀོད་པའི་ཁེ་ལས་དེ་སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་དོན་བདུན་ལ་འཕར་ཞིང་མིང་ཐོ་བཀོད་པའི་མ་དངུལ་བརྒྱ་ཆའི་ཉིས་བརྒྱ་དང་ཞེ་བདུན་ལ་འཕར་བ་རྟོགས་རྗེས་གསུངས་རྒྱུར། བཅོས་སྒྱུར་གྱིས་ཚོང་རའི་གསོན་ཤུགས་ཇེ་ཆེར་བཏང་བར་མ་ཟད་མང་ཚོགས་ཁྲི་སྟོང་མང་པོའི་བརྩོན་སེམས་སྐུལ་བ་དང་གསར་སྐྲུན་རང་བཞིན་ཇེ་དྲག་ཏུ་བཏང་། སྲིད་བསྡུ་དབང་གཏོང་ལ་སྐུལ་འདེད་གཏོང་བ་དང་དབང་གཏོང་དོ་དམ་ཟུང་འབྲེལ་བྱེད་དགོས་ལ། ཚང་མས་ཞབས་ཕྱི་བཟང་བོར་སྒྲུབ་པ་དང་མཉམ་དུ་ཕན་ནུས་ལྡན་པའི་དོ་དམ་བྱ་བ་བཟང་བོར་བསྒྲུབ་ནས། ཚོང་རའི་འདྲ་མཉམ་དང་གོ་རིམ་ལ་ཁག་ཐེག་བྱེད་དགོས་

  ལིས་ཁི་ཆང་ཧེ་ཁུག་གྲུ་ཁར་ཕེབས་ཏེ་ད་ལོའི་གྲུ་ཁའི་སྐྱེལ་འདྲེན་གནས་ཚུལ་ཞིབ་འདྲི་མཛད། གྲུ་ཁའི་འགན་འཁུར་བས་མཚམས་སྦྱོར་བྱས་པར་ཉན་རྗེས་ལིས་ཁི་ཆང་གིས་ཧེ་ཁུག་གྲུ་ཁས་ཨེ་ཤ་ཡ་ཤར་ལྷོའི་གྲུ་གཟིངས་སྐྱེལ་འདྲེན་ལྟེ་གནས་བཙུགས་པར་ཁས་ལེན་གང་ལེགས་མཛད་པར་མ་ཟད། ཧེ་ནན་ནི་དཔལ་འབྱོར་གྱི་དམིགས་བསལ་ས་ཁུལ་ཆེན་པོ་ཞིག་ཡིན་པའི་ཆ་ནས་རྒྱལ་ཁབ་ལ་དམིགས་ནས་སྒོ་འབྱེད་རྒྱ་བསྐྱེད་པའི་བྱེད་ཐབས་གསར་བ་གཏན་འཁེལ་བྱེད་དགོས་ཞེས་ནན་གྱིས་གསུངས།

  ལིས་ཁི་ཆང་ད་དུང་ལམ་འགྲམ་གྱི་ཚོང་ཁང་དུ་ཕེབས་ཏེ་ས་གནས་ཐོན་རྫས་ཀྱི་སྣ་ཁ་དང་ཕྱིར་ཚོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད་ས་གནས་ཀྱིས་ཐོན་སྐྱེད་བྱས་པའི་ཟས་རིགས་ཁུག་མ་གཉིས་ཉོས། ཁོང་གིས་ཧེ་ནན་ཞིང་ཆེན་གྱིས་སྔར་ལས་མང་ཞིང་ཁྱད་ཆོས་ལྡན་པའི་ཐོན་རྫས་སྣ་ཚོགས་ཐོན་སྐྱེད་བྱེད་པ་དང་ཞབས་ཕྱི་སྔར་ལས་བཟང་བོ་སྒྲུབ་དགོས་ལ། སྡོད་དམངས་ཀྱིས་འཛད་སྤྱོད་བྱེད་པར་སྣེ་ཁྲིད་བྱེད་དགོས་པའི་སྐུལ་མ་བཏང་།

  ཧེ་ནན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་སྐབས། ལིས་ཁི་ཆང་གིས་ཧེ་ནན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་ཧི་ནན་ཞིང་ཆེན་གྱིས་བཅོས་སྒྱུར་དང་གསར་སྐྲུན་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། འབྱོར་ཕྱུག་དང་དཔལ་ཡོན། ལྗང་སྒྱུར་བཅས་ཀྱི་ཞིང་ཆེན་གསར་བ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག