མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནང་སོག་གིས་ཁྱོན་ཡོངས་ནས་དངུལ་རྩའི་དབུལ་སྐྱོར་ལས་གཞིར་སྐུལ་འདེད་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-14 09:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནང་སོག་གིས་འདི་ལོ་མུ་མཐུད་དངུལ་རྩའི་དབུལ་སྐྱོར་དམངས་ཕྱུག་ལས་གཞིར་སྐུལ་འདེད་བཏང་ནས། དབུལ་ཕོངས་ཆི་དང་རྫོང་བཅུ་ལྔར་དབུལ་སྐྱོར་གྱི་དངུལ་གྲངས་ཉུང་བའི་དངུལ་བུན་ཀུང་སི་བཙུགས་ཏེ། དབུལ་ཕོངས་དུད་ཁྱིམ་ལ་དབུལ་སྐྱོར་དམངས་ཕྱུག་གི་དངུལ་བུན་གཏོང་རྒྱུ་ཡིན་པ་རེད།

ནང་སོག་གིས2013ལོར་དངུལ་རྩའི་དབུལ་སྐྱོར་དམངས་ཕྱུག་ལས་གཞི་ལག་བསྟར་བྱས་ཡོད་པ་དང་། ལོ་ལྟར་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བདུན་དང་ས་ཡ་ལྔ་ལེགས་སྒྲིག་བྱས་ཏེ་ཞིང་ཆེན་རིམ་པའི་འགོ་ཁྲིད་པས་འབྲེལ་བ་བྱས་པའི་དབུལ་ཕོངས་ཆི་དང་རྫོང38ཁག་སོ་སོར་སྒོར་བྱེ་བ་གཅིག་རེ་བཏང་བ་དང་། དེ་མིན་རང་སྐྱོང་ལྗོངས་རིམ་པའི་དབུལ་ཕོངས་ཆི་དང་རྫོང19ཁག་སོ་སོར་མ་དངུལ་སྒོར་ས་ཡ་ལྔ་རེ་བཏང་ཡོད་པ་རེད། 2017ལོ་བར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར23དང་བྱེ་བ7དང་ས་ཡ5གཏོང་རྒྱུ་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག