མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་ཀྲུང་ལུགས་རྩྭ་སྨན་ཕྱོགས་སྒྲིག་ཅེས་པའི་པར་མ་གསུམ་པ་ཡོངས་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-14 09:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་ཀྱིསཚེས་11ཉིན་པེ་ཅིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་ནས། རྒྱལ་ཡོངས་ཀྱི་ཀྲུང་ལུགས་རྩྭ་སྨན་ཕྱོགས་སྒྲིག་ཅེས་པའི་པར་མ་གསུམ་པ་དེ་དཔེ་སྐྲུན་འགྲེམ་སྤེལ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་རེད། རྒྱལ་ཡོངས་ཀྱི་ཀྲུང་ལུགས་རྩྭ་སྨན་ཕྱོགས་སྒྲིག་གསར་པ་དེ་ནི་མིག་སྔར་ཀྲུང་ལུགས་རྩྭ་སྨན་གྱི་སྤུས་ཚད་ཞན་དུ་འགྲོ་བ་དང་། ངོ་མ་དང་རྫུན་མ་མཉམ་བསྲེས་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། སྨན་གྱི་རྒྱུ་ཆའི་ངོ་བོ་དང་། ཐོན་ཁུལ། སྨན་འདུལ། བེད་སྤྱོད་གཏོང་སྟངས། སྨན་བེད་སྤྱོད་ཐད་གཟབ་གཟབ་བྱ་དགོས་པའི་ནང་དོན་སོགས་ནང་དོན་བདུན་ཁ་སྣོན་བྱས་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག