མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཅང་གིས་ན་ནིང་གསེར་ཏུན17ཐོན་སྐྱེད་བྱས་པ་དེ་དུས་མཚུངས་ལས་བརྒྱ་ཆ20དང་གྲངས་ཆུང64འཕར་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-14 09:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིོན་ལྟར། མ་གཞི་རྒྱལ་སྤྱིའི་གསེར་གྱི་རིན་གོང་མུ་མཐུད་དམའ་རུ་ཕྱིན་ཀྱང་། རང་རྒྱལ་གྱི་གཏེར་ཐོན་ཐོན་ཁུངས་ཀྱི་ལྗོངས་ཆེན་མོ་ཤིན་ཅང་གི་གསེར་ཐོན་སྐྱེད་བྱ་རྒྱུ་དེ་ཐོན་ནུས་གསར་པ་སྔ་ཕྱིར་ནུས་པ་ཐོན་པའི་རྐྱེན་གྱིས་ན་ནིང་གསེར་ཐོན་ཚད་ཏུན17ལྷག་བྱུང་བ་དེ་དུས་མཚུངས་ལས་བརྒྱ་ཆ20དང་གྲངས་ཆུང64འཕར་ཡོད་ཅིང་། གསེར་ཐོན་འབབ་ལོ་བཅུར་བསྟུད་མར་འཕར་སྣོན་ཆེན་པོ་བྱུང་ཡོད་པ་རེད།

ཤིན་ཅང་ནི་རང་རྒྱལ་གྱི་གསེར་ཐོན་སྐྱེད་བྱེད་མཁན་ཞིང་ལྗོངས་ཆེན་པོ་བཅུའི་ཡ་གྱལ་ཡིན་ཞིང་། གསེར་གཏེར་གྱི་གཏེར་ཁ་ཆགས་རྒྱུད28ཡོད་པ་དང་། ད་ལྟ་ཤེས་རྟོགས་ཐུབ་པའི་གསེར་གཏེར་ས་ཚིགས600ལྷག་ཡོད་ལ། གསེར་ཐོན་ཚད་སྔོན་དཔག་བྱས་ན་ཏུན207ལྷག་ཟིན་གྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག