མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲོའུ་ཞའོ་ཁྲོན་གྱིས་མིག་སྔའི་དཔལ་འབྱོར་གྱི་གནད་འགག་ཐད་གསལ་བཤད་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-14 09:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི2014ལོའི་ལོ་ཚོགས་ཐོག ཀྲུང་དབྱང་དངུལ་ཁང་དང་སྲིད་གཞུང་བར་གྱི་འབྲེལ་བའི་གནད་དོན་དེ་ཚོགས་ཞུགས་འཐུས་མི་རྣམས་ཀྱིས་དོ་ཁུར་བྱ་ཡུལ་དུ་གྱུར་ཡོད་པ་རེད། ཀྲུང་གོ་མི་དམངས་དངུལ་ཁང་གི་འགོ་འཛིན་ཀྲོའུ་ཞའོ་ཁྲོན་གྱིས། ཀྲུང་གོ་མིག་སྔར་བརྗེ་བསྒྱུར་གྱི་དུས་མཚམས་སུ་སླེབས་ཡོད་པ་དང་། ཀྲུང་དབྱང་དངུལ་ཁང་ནི་སྲིད་གཞུང་གི་ཆ་ཤས་ཤིག་ཡིན་པའི་ཆ་ནས། གོང་འཕེལ་གཏོང་ཐབས་བརྗེ་བསྒྱུར་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་དེ་བས་ཆེ་བ་ཞིག་རེད་ཅེས་གསུངས་འདུག

ཀྲོའུ་ཞའོ་ཁྲོན་གྱིས་རང་ཚུགས་ཀྱི་ཀྲུང་དབྱང་དངུལ་ཁང་ནི་དོན་སྙིང་ཆེན་པོ་ལྡན་པ་ཞིག་རེད། ཡིན་ནའང་ཀྲུང་གོའི་ངོས་ནས་བཤད་ན། མིག་སྔར་ཀྲུང་དབྱང་གིས་བཟུང་བའི་རྣམ་པ་ཅན་གྱི་དཔལ་འབྱོར་ནས་ཁྲོམ་ར་ཅན་གྱི་དཔལ་འབྱོར་ལ་འགྱུར་བ་དང་། གྲུབ་གཞི་ལེགས་སྒྲིག་གི་དུས་མཚམས་སུ་སླེབས་ཡོད་པས། ཀྲུང་དབྱང་དངུལ་ཁང་གིས་སྲིད་གཞུང་གི་སྡེ་ཁག་གཞན་དང་མཉམ་ལས་བྱས་ནས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། གལ་སྲིད་ཀྲུང་དབྱང་དངུལ་ཁང་དང་ལྟ་སྐུལ་ལས་ཁུངས་སྲིད་གཞུང་གི་ཆ་ཤས་ཤིག་མིན་ན། འབྲེལ་གཏུགས་ཡག་པོ་བྱེད་དཀའ་བ་དང་། བསྒྱུར་བཅོས་ལ་མཐུན་སྦྱོར་དང་སྐུལ་འདེད་ཡག་པོ་གཏོང་ཐུབ་པའི་སྲིད་ཇུས་ཐོན་དཀའ་བ་ཞིག་རེད་ཅེས་གསུངས་འདུག

ཀྲོའུ་ཞའོ་ཁྲོན་གྱིས་ཀྲུང་དབྱང་དངུལ་ཁང་གི་དངུལ་ལོར་སྲིད་ཇུས་སྙོམས་སྒྲིག་དམིགས་འབེན་ཁྲོད། དངུལ་ལོར་འགྲེམས་ཐལ་ཤོར་བར་ཚོད་འཛིན་བྱ་རྒྱུ་ནི་དེ་བས་གལ་ཆེ་བ་ཞིག་རེད་ཅེས་གསུངས་འདུག  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག