མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱ་རྒྱུ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-14 09:14

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས་10ཉིན་སྐོང་འཚོགས་བྱས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་དངོས་སུ་བྱ་རྒྱུ་དང་། ཞིབ་བཤེར་ཚོགས་ཆུང་གིས་སྤྱི་ཟླ4པ་ནས5པའི་བར་ཅི་ལིན་དང་། ཧོ་ནན། ཀན་སུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་དྲུག་ལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག ཞིང་ལྗོངས་དང་གྲོང་ཁྱེར་25ཡི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་མངག་བཅོལ་བྱས་ནས་ཁག་སོ་སོར་རང་སོ་སོའི་སྲིད་འཛིན་ས་ཁོངས་ནང་ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཧྲེང་ཅུན་གྱིས་ནར་མ་སོན་པའི་མི་སྣའི་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ནར་མ་སོན་པའི་མིར་སྲུང་སྐྱོང་བྱེད་པའི་ཁྲིམས་ལུགས་འདུ་ཤེས་དང་ཀུན་སྤྱོད་འདུ་ཤེས་མཐོ་རུ་བཏང་ནས། ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་ཁོར་ཡུག་དང་ཆ་རྐྱེན་ཡག་པོ་བསྐྲུན་དགོས་ཞེས་ནན་བཏོན་གནང་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཁྲིམས་འཛིན་ཞིབ་བཤེར་བྱེད་པའི་ལས་དོན་གྱི་གཙོ་གནད་དེ་ནར་མ་སོན་པའི་མིའི་མི་ལུས་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུའི་འབྲེལ་ཡོད་ཁྲིམས་ལུགས་ལག་བསྟར་གནས་ཚུལ་དང་། བསླུས་བཙོང་དང་མནར་གཅོད། དབྱུག་པ། བཙན་དབང་བཏང་བ་སོགས་ནར་མ་སོན་པའི་མིར་དམིགས་པའི་ཉེས་བསགས་བྱ་སྤྱོད་ལ་གཞིགས་ནས་སྤེལ་རྒྱུ་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག