མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཧྲན་ཏུང་གིས་དགེ་སྒྲུབ་སྤྱོད་བཟང་མིང་བྱང་བཟོས་པར་སྤྱི་ཚོགས་ཀྱིས་གདེང་འཇོག་ཡག་པོ་བྱེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-14 09:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་བའི་ལོ་ཤས་ནང་ཧྲན་ཏུང་ཞིང་ཆེན་གྱིས་དགེ་སྒྲུབ་སྤྱོད་བཟང་སྒྲུབ་མཁན་གྱི་མིང་བྱང་ཉིས་ཁྲི་ལྷག་ཙམ་བཟོས་ནས། མང་ཚོགས་བྱེ་བ་གཅིག་ལྷག་ཙམ་གྱི་སྤྱོད་བཟང་ཐོ་འགོད་བྱས་པར་སྤྱི་ཚོགས་ལས་རིགས་ཁག་གིས་གདེང་འཇོག་ཡག་པོ་བྱས་ཡོད་པ་རེད།

ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས། དགེ་སྒྲུབ་སྤྱོད་བཟང་སྒྲུབ་མཁན་གྱི་མིང་བྱང་བཟོས་པ་དེས། དགེ་སྒྲུབ་སྤྱོད་བཟང་མི་སེམས་ནང་ཟུག་ཐུབ་པ་དང་། གང་དེ་དྲང་སྤྱོད་དར་སྤེལ་དང་། སྤྱོད་ཚུལ་གསར་པ་འཛུགས་རྒྱུར་ཕན་པ་ཡོད་པ་ཞིག་ཡིན་ལ། ད་དུང་དེས་ངོ་ཚ་ཤེས་ཤིང་དྲང་སྤྱོད་འཛིན་པའི་སྤྱི་ཚོགས་ཀྱི་དར་སྲོལ་ཆགས་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུ་རེད་ཅེས་གསུངས་འདུག

ལས་བྱེད་པ་མི་ཉུང་བ་ཞིག་གིས། ཧྲན་ཏུང་གིས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱས་པ་དང་། དམ་འཛིན་དེ་གཏིང་ཟབ་པ་དང་གནད་ལ་འཁེལ་བ་ཞིག་བྱུང་ཡོད་ཅིང་། དེས་སྤྱི་ཚོགས་ཀྱི་རྣམ་པ་ཡག་པོ་སྒྲུབ་རྒྱུར་སྐུལ་མ་ཐེབས་རྒྱུའི་ངོས་འཛིན་གནང་འདུག

དགེ་སྒྲུབ་སྤྱོད་བཟང་མི་སེམས་ལ་ཟུག་པ་བྱེད་པའི་བྱ་ཐབས་དེར་དྲ་གྲོགས་རྣམས་ནས་ཀྱང་དོ་སྣང་ཆེན་པོ་བྱས་ཡོད་པ་དང་། ཝང་ཡིས་དྲ་བའི་དྲ་གྲོགས་ཁེ་ལེ་མུ་ཤུན་གྱིས། ཧྲན་ཏུང་གི་སྤྱོད་བཟང་བཞིའི་འཛུགས་སྐྱོང་དེ་ཀུན་སྤྱོད་ཁོ་ནའི་ཐོག་ལུས་མེད་ཅིང་། དེ་བས་གལ་ཆེ་བ་ཞིག་ནི་དེས་ལམ་ལུགས་འཛུགས་སྐྱོང་ཐད་འཚོལ་ཞིབ་བྱས་པ་དེ་རེད་ཅེས་གསུངས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག