མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནུབ་རྒྱུད་སྐབས་དོན་ཚགས་པར་ཁང་ལ་སྐྱོན་བརྗོད་ཕོག་པ་དང་ལས་མཚམས་བཞག་ནས་ལེགས་སྒྲིག་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-14 09:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚབས་ཆེའི་ཁྲིམས་འགལ་ལུགས་འགལ་གྱི་གནད་དོན་འབོར་ཆེན་གནས་པའི་རྐྱེན་གྱིས། ནུབ་རྒྱུད་སྐབས་དོན་ཚགས་པར་ཞེས་པའི་ཧྲན་ཞི་ལ་བཅའ་སྡོད་གསར་འགོད་ས་ཚིགས་ཉིན་ཤས་གོང་ཧྲན་ཞི་ཞིང་ཆེན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་མེད་པ་བཟོས་ཡོད་པ་རེད། དེ་དང་ཆབས་ཅིག རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་ཚགས་པར་དེའི་གཙོ་གཉེར་ཚན་པར་སྐྱོན་བརྗོད་བྱས་པ་དང་ལས་མཚམས་བཞག་ནས་ལེགས་སྒྲིག་བྱས་ཡོད་པ་མ་ཟད། གྱོད་གཞི་འདི་རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་ལ་བཅའ་སྡོད་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་ཚོགས་ཆུང་ལ་བསྐྱལ་ནས་ཚགས་པར་ཁང་དེའི་འབྲེལ་ཡོད་འགན་འཁྲིའི་མི་སྣའི་འགོ་ཁྲིད་འགན་འཁྲི་སྔར་བས་རྩོད་གཅོད་བྱ་རྒྱུ་ཡིན་པ་རེད། གོམ་སྟབས་རྗེས་མར། སྤྱི་ཁྱབ་ཅུས་ཀྱིས་ཚགས་པར་ཁང་དེའི་ལས་མཚམས་བཞག་ནས་ལེགས་སྒྲིག་བྱས་པའི་གནས་ཚུལ་ཐད་ཐག་གཅོད་སྔར་ལས་ལྷག་པ་བྱ་རྒྱུ་ཡིན་པ་རེད།

ནུབ་རྒྱུད་སྐབས་དོན་ཚགས་པར་ཞེས་པ་ནི་ཀྲུང་གོའི་ནུབ་རྒྱུད་ཞིབ་འཇུག་དང་གོང་འཕེལ་སྐུལ་སྤེལ་ཚོགས་པས་གཙོ་གཉེར་བྱས་པའི་ཚགས་པར་ཞིག་ཡིན་པ་དང་། གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གྱི་སྲིད་འཛིན་ཚན་པར་དེའི་གོང་དུ་ཚགས་པར་དེས་ཁྲིམས་འགལ་ལུགས་འགལ་བྱེད་པའི་ཐེར་འདོན་ཐེངས་མང་འབྱོར་ཡོད་པ་རེད། ཚགས་པར་དེར་གནས་པའི་ཚབས་ཆེའི་ཁྲིམས་འགལ་ལུགས་འགལ་གྱི་གནད་དོན་ནི། གསར་འགོད་ས་ཚིགས་ཀྱི་དོ་དམ་ཟང་ཟིང་ཆེ་བ་དང་། གསར་འགྱུར་བཅར་འདྲི་དང་གནས་ཚུལ་སྤེལ་བ་བརྒྱུད་ཁྲིམས་འགལ་ཁེ་ཕན་རག་ཐབས་བྱེད་པ། བཅར་འདྲི་དང་རྩོམ་སྒྲིག་གི་ལས་བགོས་མེད་པ། ཚགས་པར་ཁང་དེས་གསར་འགོད་པར་མཚམས་སྦྱོར་བརྡ་ཁྱབ་བཀྲམ་པ་སོགས་ཀྱི་ལས་འགན་འཁུར་བ། ལག་ཁྱེར་དོ་དམ་ཟིང་ཆེ་བ། དཔྱད་གཞིའི་ཡིག་རིགས་རྫུན་མ་བཟོས་ནས་གསར་འགོད་པའི་ལག་ཁྱེར་ལེན་པ་སོགས་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག