མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་པའོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི2014ལོའི་ལོ་ཚོགས་ལ་ཞུགས་པའི་ཧན་གོའི་ཙུང་ལི་ཀྲིན་ཧོང་ཡོན་དང་ཕ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལིས་ཧྥུའུ་གཉིས་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-12 10:48

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས10ཉིན་གྱི་ཕྱི་དྲོར་པའོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི2014ལོའི་ལོ་ཚོགས་ལ་ཞུགས་པའི་ཧན་གོའི་ཙུང་ལི་ཀྲིན་ཧོང་ཡོན་ལ་མཇལ་འཕྲད་གནང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས10ཉིན་གྱི་ཕྱི་དྲོར་པའོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི2014ལོའི་ལོ་ཚོགས་ལ་ཞུགས་པའི་ཕ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལིས་ཧྥུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་པའོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི2014ལོའི་ལོ་ཚོགས་ལ་ཞུགས་པའི་ཧན་གོའི་ཙུང་ལི་ཀྲིན་ཧོང་ཡོན་དང་ཕ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལིས་ཧྥུའུ་གཉིས་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཀྲིན་ཧོང་ཡོན་ལ་མཇལ་འཕྲད་གནང་སྐབས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་དམ་པོ་བྱེད་པ་དང་དཔལ་འབྱོར་ཉོ་ཚོང་དང་སློབ་གསོ། ཚན་རྩལ། རིག་གནས། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། མིག་སྔར་ཀྲུང་གོ་དང་ཧན་གོའི་རང་མོས་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་དེ་ད་ལྟ་གནད་འགག་གི་དུས་སྐབས་སུ་སླེབ་ཡོད་པས། ཕྱོགས་གཉིས་ཀྱིས་གྲོས་མོལ་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། ཆུ་ཚད་མཐོ་ཞིང་ཁེ་ཕན་དོ་མཉམ་ཡིན་པའི་གྲོས་མཐུན་སྔ་མོ་ནས་བཀོད་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་བསྐྲུན་དགོས་ཟེར།

ཞེ་ལིས་ཧྥུའུ་ལ་མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་ནས། ད་ལོའི་ལོ་མཇུག་གི་སྔོན་ལ་དཔལ་འབྱོར་བརྒྱུད་ལམ་འཛུགས་སྐྲུན་འཆར་འགོད་ཡོངས་འགྲུབ་བྱེད་པར་བརྩོན་ལེན་བྱེད་པ་དང་། ཕྱོགས་གཉིས་ཀྱིས་གྲོས་མཐུན་བཀོད་པའི་ལས་གཞི་སྣ་ཚོགས་དངོས་འབེབས་བྱས་ནས། དཔལ་འབྱོར་བརྒྱུད་ལམ་འཛུགས་སྐྲུན་ལ་མགོ་བཟང་བོ་ཞིག་འཛུགས་པ་དང་མ་དངུལ་ཐད་ནས་རྒྱབ་སྐྱོར་བྱེད་པར་འགན་སྲུང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་འཇིགས་སྐུལ་པར་ངོ་རྒོལ་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག