མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་པའོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི2014ལོའི་ལོ་ཚོགས་ལ་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་མིང་གྲགས་ཆེ་བའི་ཀུང་ཟིའི་འགན་ཁུར་བའི་འཐུས་མི་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-12 10:40

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས10ཉིན་གྱི་ཕྱི་དྲོར་པའོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་བཞི་ལོའི་ལོ་ཚོགས་ལ་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་མིང་གྲགས་ཆེ་བའི་ཀུང་ཟིའི་འགན་ཁུར་བའི་འཐུས་མི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས10ཉིན་གྱི་ཕྱི་དྲོར་པའོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི2014ལོའི་ལོ་ཚོགས་ལ་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་མིང་གྲགས་ཆེ་བའི་ཀུང་ཟིའི་འགན་ཁུར་བའི་འཐུས་མི་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། སྐབས་འདིའི་གླེང་སྟེགས་ལོ་ཚོགས་ཀྱིས་ཨེ་ཤ་ཡའི་མ་འོངས་པ་བརྗོད་དོན་གཙོ་བོར་དམིགས་ཏེ་འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་ལ་སྐུལ་འདེད་གཏོང་བ་དང་གསར་དར་དཔལ་འབྱོར་སླར་གསོ་བྱེད་པའི་ཐད་ལ་འཚོལ་ཞིབ་བྱས་ཤིང་། དེ་ཨེ་ཤ་ཡའི་འཕེལ་རྒྱས་སྲ་བརྟན་དུ་འགྲོ་བ་དང་ཨེ་ཤ་ཡ་དང་འཛམ་གླིང་གི་མཉམ་རྒྱལ་མཉམ་ལས་ཐད་ལ་ཕན་པ་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་སྒོ་འབྱེད་སྔར་ལས་རྒྱ་བསྐྱེད་པར་འབད་བརྩོན་བྱེད་བཞིན་ཡོད་ལ། ཀྲུང་གོ་ནས་ཐོ་འགོད་བྱས་པའི་ཕྱི་རྒྱལ་གྱི་སྒེར་གཞུང་ཁེ་ལས་གང་ཡིན་རུང་ང་ཚོས་ལྟ་ཚུལ་མི་འདྲ་བ་མི་འཛིན་པ་དང་ཧུར་ཐག་སྒོས་འདྲ་མཉམ་འགྲན་རྩོད་ཀྱི་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཤེས་བྱའི་ཐོན་དབང་གི་སྲུང་སྐྱོབ་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་དགོས་ལ། རྒྱལ་ཁོངས་བརྒལ་བའི་ཀུང་ཟིས་ཀྲུང་གོའི་བཅོས་སྒྱུར་ཁྲོད་དུ་ཞུགས་པའི་གོ་སྐབས་དམ་འཛིན་བྱེད་པ་དང་། ཀྲུང་གོའི་བར་ལ་ཡུན་རིང་བརྟན་འཇགས་ཀྱི་མཉམ་ལས་འབྲེལ་བ་བཙུགས་ནས་ཕན་ཚུན་འཕེལ་རྒྱས་སུ་འགྲོ་བའི་ཁྲོད་དུ་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་ཟེར།

ཁེ་ལས་པའི་འཐུས་མིས་བཤད་རྒྱུར། དེང་སྐབས་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་རང་སྟེང་གི་འཐབ་ཇུས་གཏན་འཁེལ་བྱས་པ་བརྒྱུད་ནས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པར་བྱེད་བཞིན་པ་དང་། རྒྱལ་ཁོངས་བརྒལ་བའི་ཀུང་ཟིས་ཀྲུང་གོར་མ་དངུལ་གཏོང་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་ཀྲུང་གོ་ནས་བྱེད་སྒོ་སྤེལ་ནས་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་རེ་སྒུག་བྱེད་བཞིན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག