མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨ་པོ་ཐི་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-12 10:39

ཟླ4བའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨ་པོ་ཐི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས11ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨ་པོ་ཐི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་ཟིའི་གར་སོང་མ་ཤེས་པའི་འགྲུལ་སྐྱེལ་གནམ་གྲུ་འཚོལ་ཞིབ་བྱེད་པར་ཞུགས་པའི་ཐད་ནས་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་པར་བཀའ་དྲིན་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་སྟོབས་ཤུགས་ཡོད་རྒུས་འཚོལ་ཞིབ་བྱེད་རྒྱུ་ཡིན་པར་མ་ཟད། ཨོ་སི་ཁྲུ་ལི་ཡའི་བར་དུ་འབྲེལ་འདྲིས་དང་མཉམ་ལས་དམ་པོ་བྱེད་རྒྱུ་ཡིན་ཞེས་གསུངས།

ཨ་པོ་ཐི་ཡིས་ཨོ་སི་ཁྲུ་ལི་ཡའི་འཚོལ་ཞིབ་བྱ་བའི་འཕེལ་རིམ་མཚམས་སྦྱོར་བྱས་པ་དང་། ཀྲུང་གོ་ནི་ཆེས་སྔ་མོར་གྲུ་གཟིངས་མངགས་ཏེ་ལྷོ་ཕྱོགས་མཚོ་ཁོངས་ཀྱི་འཚོལ་ཞིབ་ལ་ཞུགས་པའི་རྒྱལ་ཁབ་ཡིན་ལ། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོས་དུས་ལྟར་ཨོ་སི་ཁྲུ་ལི་ཡར་གཞོགས་འདེགས་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་པར་མ་ཟད། མུ་མཐུད་དུ་ཀྲུང་གོའི་བར་དུ་འབྲེལ་འདྲིས་དང་གཞོགས་འདེགས་དམ་པོ་བྱེད་འདོད་ཡོད་ཅེས་བཤད།

ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་གཉི་ཀ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཡིན་པ་དང་། ཕྱོགས་གཉིས་བར་དུ་རྒྱ་ཆེ་ཞིང་དང་གལ་ཆེ་བའི་ཐུན་མོང་གི་ཁེ་ཕན་ཡོད་ལ། མཉམ་ལས་ཀྱི་སྦས་ཤུགས་ཧ་ཅང་ཆེ། ཀྲུང་གོས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་སྲིང་ངང་གོང་འཕེལ་དུ་གཏོང་འདོད་ཡོད། ཕྱོགས་གཉིོས་ཀྱིས་མཐོ་རིམ་གྱི་འགྲོ་འོང་ཟབ་མོ་དང་རིམ་པ་སོ་སོའི་གྲོས་མོལ་སྲུང་འཛིན་བྱས་ཏེ་ཆབ་སྲིད་ཀྱི་ཡིད་ཆེས་ཇེ་ཆེར་གཏོང་དགོས་ལ། ད་དུང་དམག་དཔུང་དང་། རྒྱལ་ཁོངས་བརྒལ་བའི་ནག་ཉེས་ཆམ་ཕབ་གཏོང་བ། མི་གཞུང་སོགས་ཁྱབ་ཁོངས་ནས་བརྗེ་རེས་དང་མཉམ་ལས་བྱེད་དགོས་ཞེས་གསུངས།

ཨ་པོ་ཐི་ཡིས་ཀྲུང་གོའི་འཕེལ་རྒྱས་ནི་ཨོ་སི་ཁྲུ་ལི་ཡ་དང་། ས་ཁུལ་དང་འཛམ་གླིང་ཚང་མར་མཚོན་ན་གོ་སྐབས་ཤིག་ཡིན་པས། ཨོ་སི་ཁྲུ་ལི་ནམ་ཡང་ཀྲུང་གོའི་བློ་གཏད་ཆོག་པའི་ཡུན་རིང་གི་མཉམ་ལས་གྲོགས་པོ་བྱེད་འདོད་ཡོད། ཨོ་སི་ཁྲུ་ལི་ཡས་ཀྲུང་གོའི་བར་གྱི་རང་དབང་ཉོ་ཚོང་ཆོད་དོན་ཐད་ཀྱི་གྲོས་མོལ་མྱུར་དུ་སྤེལ་རྒྱུ་ཡིན་པ་དང་། ཀྲུང་གོའི་ཁེ་ལས་ཨོ་སི་ཁྲུ་ལི་ཡར་དངུལ་གཏོང་ལས་གཉེར་བྱེད་པར་ཡོང་བར་དགའ་བསུ་ཞུ་བཞིན་ཡོད་ལ། རྒྱལ་ཁབ་གཉིས་བར་གྱི་དངུལ་རྩ་དང་སློབ་གསོ། ཚན་རྩལ། རིག་གནས། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཅེས་བཤད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག