མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་པའོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི2014ལོའི་ལོ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-11 11:19

ཟླ4བའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཧེ་ནན་པའོ་ཨོ་ནས་པའོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི2014ལོའི་ལོ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས། པར་འདི་ནི་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོའི་སྔོན་ལ། ལིས་ཁི་ཆང་གིས་གླེང་སྟེགས་སུ་ཞུགས་པའི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་དང་མཉམ་དུ་བླངས་པའི་པར་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས10ཉིན་གྱི་སྔ་དྲོར་པའོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི2014ལོའི་ལོ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད། ཁ་ཡིག་ལ་ཨེ་ཤ་ཡ་འཕེལ་རྒྱས་ཀྱི་མ་འོངས་པ་གསར་བ་མཉམ་དུ་གསར་གཏོད་བྱེད་དགོས་ཞེས་པའི་གསུངས་བཤད་གནང་། ཨེ་ཤ་ཡ་དང་ཞི་བདེ་ཆེན་མོ། ཨ་ཧྥེ་རི་ཁ་སོགས་རྒྱལ་ཁབ་ང་གཉིས་ཀྱི་སྲིད་གཞུང་ལས་རིགས་དང་བཟོ་ཚོང་ལས་རིགས་ཀྱི་མི་སྣ་དང་ཆེད་མཁས་པ། རིག་གནས་པ་བཅས་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོར་ཞུགས།

ལིས་ཁི་ཆང་གིས་གསུངས་བཤད་གནང་སྐབས་གནས་བབ་གསར་བའི་འོག་ཨེ་ཤ་ཡའི་འཕེལ་རྒྱས་སྟོབས་ཤུགས་ཇི་ལྟར་འདོན་སྤེལ་བྱེད་པའི་ཐད་ལ་དགོངས་ཚུལ་གསུམ་བཏོན་པ་སྟེ། གཅིག་ནི་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་བྱེད་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱས་ནས། ཨེ་ཤ་ཡའི་ཁེ་ཕན་གྱི་ཐུན་མོང་ཚོགས་པ་ཆགས་པར་བྱེད་དགོས། གཉིས་ནི་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་གནས་བབ་བཟང་བོ་ཆགས་པར་བྱས་ནས། ཨེ་ཤ་ཡའི་ལས་དབང་གི་ཐུན་མོང་ཚོགས་པ་ཆགས་པར་བྱེད་པ་དང་། རྨང་གཞིའི་སྒྲིག་ཆས་ལ་ཧུར་ཐག་སྒོས་སྐུལ་འདེད་གཏོང་བ། ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཕན་ཚུན་བར་ཁྱད་སྟོབས་ཁ་གསབ་བྱེད་དགོས། གསུམ་ནི་ཞི་བའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཆེན་པོར་སྲུང་སྐྱོབ་བྱས་ནས། ཨེ་ཤ་ཡའི་འགན་ཁུར་གྱི་ཐུན་མོང་ཚོགས་པ་ཆགས་པར་བྱས་ནས། ཨེ་ཤ་ཡ་ས་ཁུལ་གྱི་བདེ་འཇགས་མཉམ་ལས་སྤྱི་ཁོག་ཧུར་ཐག་སྒོས་འཛུགས་སྐྲུན་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་ཞི་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཁྱིམ་མཚེས་མཛའ་མཐུན་གྱི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱས་ནས། མཚོ་ཐོག་གི་མཉམ་ལས་འགུལ་སྐྱོད་ལ་ཧུར་ཐག་སྒོས་ཤུགས་སྣོན་རྒྱུ་མ་ཟད། ང་ཚོས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་དེར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོ་ཞི་བདེ་ལ་དགའ་བ་དང་། ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་དུ་ས་ཁུལ་གྱི་འཕེལ་རྒྱས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་སྒོས་འཕེལ་རྒྱས་བཟང་བོ་འབྱུང་བར་ཆ་རྐྱེན་ཡོད་པ་དང་། ཐོན་ཚད་བརྟན་འཇགས་སྒོས་འཕར་སྣོན་འབྱུང་བར་རྨང་གཞི་ཡོད་པ་སྟེ། གཅིག་ནི་བཅོས་བསྒྱུར་བྱེད་པའི་སྒུལ་ཤུགས་ཇེ་ཆེར་གཏོང་དགོས། སྲིད་བསྡུ་དབང་གཏོང་གི་ཤུགས་ཚད་མུ་མཐུད་དུ་ཇེ་ཆེར་གཏོང་བ་དང་སྲིད་གཞུང་གི་དབང་ཆ་བཀོལ་སྤྱོད་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། སྟོབས་ཤུགས་ཡོད་རྒུས་སྐོར་ཐེངས་གསར་བའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས། གཉིས་ནི་སྒྲིག་གཞི་ལེགས་སྒྲིག་བྱེད་པར་ཤུགས་བསྣན་ཏེ། སྒྲིག་གཞི་བཅོས་བསྒྱུར་གྱིས་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་ཡུར་སྐུལ་གཏོང་དགོས། གསུམ་ནི་དམངས་འཚོ་ལེགས་བཅོས་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། ལས་ཞུགས་ལས་བསྐྲུན་གྱི་སྲིད་ཇུས་སྔར་ལས་བཟང་བོར་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོའི་དཔལ་འབྱོར་ཆུ་ཚད་མཐོ་ཞིང་ཕན་འབྲས་བཟང་བའི་དུས་རིམ་གསར་བ་ཞིག་ཏུ་སླེབ་ཡོད། ང་ཚོས་མུ་མཐུད་དུ་དཀའ་ཁག་ཁྱད་བསལ་བྱེད་དགོས་པར་མ་ཟད། རྒྱང་རིང་གི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་གོའི་གཏམ་རྒྱུད་གསར་བ་མུ་མཐུད་དུ་འབྲི་བཞེངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཟེར།

གླེང་སྟེགས་མགོ་རྩོམ་པའི་མཛད་སྒོའི་སྟེང་། པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ལས་འཛིན་མགོ་གཙོ་ཧྥུའུ་ཐེན་ཁང་ཧྥུའུ་ཡིས་དགའ་བསུའི་ཞུ་ཚིག་ཕུལ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག