མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བརྡ་ཐོ་བཏང་སྟེ་རྒྱལ་ཡོངས་རྩ་འཛུགས་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བཏོན་པའི་གཟབ་ནན་གསུམ་དང་དངོས་གཉེར་གསུམ་གྱི་རེ་བར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པའི་རེ་བ་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-11 11:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བརྡ་ཐོ་བཏང་སྟེ། རྒྱལ་ཡོངས་རྩ་འཛུགས་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བཏོན་པའི་གཟབ་ནན་གསུམ་དང་དངོས་གཉེར་གསུམ་གྱི་རེ་བར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ལ་བཀོད་སྒྲིག་བྱས།

བརྡ་ཐོའི་ནང་བཀོད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་བློ་སྦྱོང་ལ་གཟབ་ནན་དང་། དབང་བཀོལ་ལ་གཟབ་ནན། རང་གཅུན་ལ་གཟབ་ནན། དོན་སྒྲུབ་ཐད་དངོས་གཉེར་དང་། ལས་སྐྲུན་ཐད་དངོས་གཉེར། མི་ཚུལ་ཐད་དངོས་གཉེར་བཅས་ཀྱི་རྒྱས་བཤད་གལ་ཆེན་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ཁྱད་པར་དུ་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྲིད་དོན་གཉེར་བའི་ཐབས་ལམ་དང་། དོན་ཀུན་འགྲུབ་པའི་གཞི་མ། ཚུལ་བཟང་སྲུང་བའི་ཚད་གཞི་བཅས་ཡིན་ལ། གནས་བབ་གསར་བའི་འོག་རྩ་འཛུགས་བྱ་བ་བཟང་བོར་སྒྲུབ་པའི་སྲུང་བྱ་གལ་ཆེན་ཡང་ཡིན་པས། རིམ་པ་སོ་སོའི་ཏང་ཨུའི་རྩ་འཛུགས་ལས་ཁུངས་ཀྱིས་དེར་སློབ་སྦྱོང་ནན་མོ་བྱེད་དགོས་ལ། སྣེ་ཁྲིད་དེ་གཟབ་ནན་གསུམ་དང་དངོས་གཉེར་གསུམ་གྱི་རེ་བ་ལག་ལེན་མཐར་ཕྱིན་བྱས་ནས། རྩ་འཛུགས་བྱ་བར་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག